མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་གཉིས་ཉིན་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཉམ་ལས་གནད་དོན་ཐད་ནས་ཡོངས་བསྒྲགས་ཚོགས་འདུ་བསྡུས། ཀྲུང་གོའི་འཐུས་མིས་བསྟན་དོན། འཛམ་གླིང་ཡོངས་དང་ས་ཁུལ་གྱི་འགྲན་རྩོད་མདུན་ནས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མུ་མཐུད་དུ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་རང་སྟེང་གི་ཁྱད་སྟོབས་དང་ནུསཔ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ནི་འདྲ་མཉམ་གྱི་མཉམ་ལས་འབྲེལ་བ་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིང་ཐོག་ནས་ཚད་གཞི་དེ་ཨ་ཧྥེ་རི་ཁ་གླིང་གི་མགོར་བཙན་འཇོག་བྱེད་མི་རུང་ཟེར། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨ་ཧྥེ་རི་ཁ་གླིང་དུ་ཞི་བདེ་དང་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་ཆེད་དུ་ནུས་པ་གལ་ཆེན་འདོན་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།