ཀྲུང་གོ་གཙོ་བྱས་ནས་བཏོན་པའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཀྱི་ཁེ་དབང་གི་གྲོས་ཆོད་ལ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་གཅིག་གྱུར་གྲོས་འཆམ་བྱུང་།
2023.10.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་ང་བཞི་བ་ནས་གྲོས་མཐུན་གཅིག་གྱུར་བྱུང་སྟེ་ཀྲུང་གོ་དང་པའོ་ལེ་ཝེ་ཡཱ། ཨེ་ཅིབ། ཕཱ་ཁི་སི་ཐན། ཨ་ཧྥེ་རི་ཁ་ལྷོ་མ་སོགས་རྒྱལ་ཁབ་ཀྱིས་མཉམ་དུ་སྤྲད་པའི་འདྲ་མཉམ་མིན་པའི་སྣང་ཚུལ་མེད་པར་བཏང་བའི་གནས་ཚུལ་འོག་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཀྱི་ཁེ་དབང་ལ་སྐུལ་འདེད་དང་སྲུང་སྐྱོབ་བྱེད་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་དེར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་ལ། རྒྱལ་ཁབ་བརྒྱད་ཅུ་ཡིས་མཉམ་དུ་གྲོས་འདོན་བྱས་པ་རེད། ཀྲུང་གོའི་འཐུས་མིས་བསྟན་དོན། གྲོས་ཆོད་དེའི་དམིགས་ཡུལ་ནི་འདུ་ཤེས་ཀྱི་འགལ་བ་ཁ་གསབ་དང་དོན་དངོས་འགུལ་སྐྱོད་སྤེལ་བ། ཕན་ནུས་ལྡན་པའི་རྐྱེན་སྲོལ་འཛུགས་པ་བཅས་ཀྱི་ཆེད་ཡིན་ཟེར། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ལང་ལོང་སྒོས་གཏམ་བཤད་སྤེལ་ཏེ། གྲོས་ཆོད་དེས་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་བ་དང་དྲང་བདེན་བཟོད་སྒོམ་ཅན་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་འཛུགས་པའི་འབོད་སྐུལ་དྲག་པོར་ལན་གསལ་བོ་བྱིན་ཡོད་པ་དང་། ཕྱོགས་མང་བོའི་འགྲོ་མིའི་ཐོབ་ཐང་མ་ལག་ཡང་བསྐྱར་དོ་མཉམ་དང་ཡང་བསྐྱར་ལམ་དུ་ཆས་པའི་ལོ་རྒྱུས་རླབས་རྒྱུན་དང་བསྟུན་ཡོད་ལ། རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་བདེ་བླག་འཕེལ་རྒྱས་ལ་ཕན་ཐོགས་ཡོད་ཟེར། ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁ། ཧྥ་རན་སི། འཇར་མན་སོགས་རྒྱལ་ཁབ་ཀྱིས་གཏམ་བཤད་སྤེལ་ནས་ཀྲུང་གོ་ཕྱོགས་ཀྱིས་འབད་བརྩོན་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་དང་། གྲོས་མོལ་བྱ་བའི་ནང་ཞུགས་འདོད་ཡོད་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།