རྒྱུད་གཅིག་ལམ་གཅིག་གི་ལས་གཞི་གཙོ་བོའམ་ཀྲུང་གོ་དང་ལའོ་ཝའོ་ཡི་ལྕགས་ལམ་གྱི་ལས་གཞི་ཆ་ཚང་སྟེ་ལའོ་ཝའོ་ལྕགས་ལམ་ལས་རིགས་ལག་རྩལ་སློབ་གླིང་གི་ལས་གཞིས་ཚེས་བཅུ་གཉིས་ཉིན་ལའོ་ཝའོ་ཡི་རྒྱལ་ས་ཝན་ཞང་ནས་བརྒྱུད་སྤྲོད་མཛད་སྒོ་སྤེལ།
ཀྲུང་གོའི་སྲིད་གཞུང་གིས་རོགས་འཛུགས་བྱས་པའི་སློབ་གླིང་དེ་ནི་ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་ཀྱི་ལྕགས་ལམ་ལས་རིགས་ལག་རྩལ་སློབ་གླིང་ཐོག་མ་ཡིན་པ་དང་། ལའོ་ཝའོ་ལྕགས་ལམ་ཆེད་ལས་ལག་རྩལ་སློབ་གསོའི་སྟོང་ཆ་བསྐང་ཡོད། མ་འོངས་པར་ཀྲུང་གོ་དང་ལའོ་ཝའོ་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་སློབ་གསོའི་ལག་རྩལ་གྱི་མཉམ་ལས་སྤེལ་ནས། ཀྲུང་གོ་ཕྱོགས་ཀྱིས་སྐོར་ཁག་བགོས་ནས་དགེ་རྒན་མངག་གཏོང་བྱས་ཏེ་བསྟུད་མར་སློབ་གསོའི་ནུས་པའི་རོགས་སྐྱོར་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།