དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། མི་ཆོས་རིང་ལུགས་ཀྱི་རྒྱུ་རྐྱེན་ལས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་སྡོད་དམངས་ཚང་མ་ལྷོ་ཕྱོགས་ས་ཁུལ་དུ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་པར། ཕཱ་ལེ་སི་ཐན་དང་ས་ཁུལ་དེའི་རྒྱལ་ཁབ་གཞན་པ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་སོགས་ཀྱིས་སྐྱོན་བརྗོད་དྲག་པོ་བྱས།
དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་བཅུ་གསུམ་ཉིན་གྱི་ཞོགས་པར་བརྙན་རིགས་གསལ་སྒྲོག་སྤེལ་ནས། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་སྡོད་དམངས་ཚང་མ་ལྷོ་ཕྱོགས་ས་ཁུལ་དུ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་པ་དང་། རེ་བ་དེ་ནི་མི་ཆོས་རིང་ལུགས་ཀྱི་རྒྱུ་རྐྱེན་དབང་གིས་བཏོན་པ་ཡིན་ལ། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་སྡོད་དམངས་དག་གི་བདེ་འཇགས་ལ་འགན་སྲུང་བྱེད་ཆེད་ཡིན་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཧཱ་མཱ་སི་ཡིས་དབྱི་སི་རལ་ལ་འཐབ་འཁྲུག་བསླངས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བར་བྲེལ་བཞིན་ཡོད་ལ། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་སྡོད་དམངས་ཚང་མ་ཕྱིར་འཐེན་བྱེད་པའི་རེ་བ་བཏོན་པ་ནི་བདེ་འཇགས་ལ་བསམ་བློ་བཏང་བ་ཡིན་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ཁི་སི་ཐན་ཤར་མའི་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་དྲ་ཐོག་བརྒྱུད་ནས་བསྟན་དོན། ལས་ཁུངས་དེ་དང་ལས་བྱེད་མི་སྣ་དག་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་སྤོར་རྒྱུ་ཡིན་ཟེར།
ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་སྡོད་དམངས་དག་ལྷོ་ཕྱོགས་སུ་ཕྱིར་འཐེན་བྱེད་པའི་རེ་བ་བཏོན་པར་རྒོལ་གཏམ་བཏང་བ་དང་། དེ་ནི་དབྱི་སི་རལ་གྱིས་བཟོས་པའི་འཐབ་འཁྲུག་གི་ནག་ཉེས་བྱ་སྤྱོད་ཅིག་ཡིན་པར་འདོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ནས་དབྱི་སི་རལ་གྱི་བྱ་སྤྱོད་དེར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་བྲེལ་མྱུར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་ཁ་པར་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་སི་རལ་གྱིས་བཟོས་པའི་འཐབ་འཁྲུག་གི་ནག་ཉེས་བྱ་སྤྱོད་ལ་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།