ཧན་གོའི་སྲིད་འཛིན་ཏང་གི་མགོ་ཁྲིད་རིམ་པས་མཉམ་དུ་ལས་སྐྱུར་དགོངས་ཞུ་བྱས།
2023.10.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཧན་གོའི་སྲིད་འཛིན་ཏང་རྒྱལ་དམངས་སྟོབས་ཤུགས་ཏང་གི་མགོ་ཁྲིད་རིམ་པས་ཚེས་བཅུ་བཞི་ཉིན་མཉམ་དུ་ལས་སྐྱུར་དགོངས་ཞུ་བྱས། དེའི་སྔོན་ཏང་ཁག་དེར་ཧྲིག་ཨར་གྲོང་ཁྱེར་གྱི་གཙང་ནུབ་ས་ཁུལ་གྱི་ས་གནས་གསབ་འདེམ་ཁྲོད་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་ཁག་སྤྱི་མཐུན་དམངས་གཙོ་ཏང་ལས་ཕམ་ཁ་བྱུང་བ་རེད། ཧན་གོའི་སྨྱན་བྱད་ཀྱིས་ཐེངས་འདིའི་གསབ་འདེམ་བྱ་བ་དེ་ཉིས་སྟོང་ཉེར་བཞི་ལོའི་ཧན་གོའི་རྒྱལ་ཚོགས་ཀྱི་འདེམ་བསྐོའི་ཕྱོགས་སྟོན་ལྟ་བུ་ཡིན་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།