ལོ་ངོ་སུམ་ཅུ་རིང་གི་གནོད་འཚེ་ལས་འཛམ་གླིང་ཡོངས་ཀྱི་ཞིང་ཕྱུགས་ལས་ཐད་མེ་སྒོར་ཁྲག་ཁྲིག་ཆེན་མོ་འགའི་གྱོང་གུད་ཐེབས་ཡོད།
2023.10.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚེས་བཅུ་གསུམ་ཉིན་སྙན་ཞུ་སྤེལ་ཏེ། གནོད་འཚེ་དོན་རྐྱེན་ལས་འདས་པའི་ལོ་ངོ་སུམ་ཅུའི་རིང་ལ་ཞིང་ལས་ལོ་ཏོག་དང་ཕྱུགས་ཟོག་གི་ཐོན་ཚད་ཐད་མེ་སྒོར་ཁྲག་ཁྲིག་ཆེན་མོ་གསུམ་དང་ཁྲག་ཁྲིག་བརྒྱད་ཀྱི་གྱོང་གུད་ཐེབས་ཡོད་ཟེར། སྙན་ཞུ་ལས་བསྟན་དོན། ཞིང་ལས་ལ་གཙོ་བོ་ནམ་ཟླ་དང་ཆུ་ལོག་གི་ཉེན་ཁ། ས་གཤིས་ཀྱི་ཉེན་ཁ་སོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་ལ། དྲག་ཆས་འཁྲུག་རྩོད་དང་རྫས་འགྱུར་ཐོན་རྫས་སོགས་སྤྱི་ཚོགས་ཀྱི་ཉེན་ཁས་ཀྱང་མི་མངོན་པའི་འཇིགས་ཉེན་གྲུབ་པར་བྱས་ཡོད་ཟེར། སྙན་ཞུ་ལས་འགུལ་སྐྱོད་གྲོས་གཞི་བཏོན་ཡོད་པ་དང་། གནོད་འཚེའི་ཤུགས་རྐྱེན་གྱི་གཞི་གྲངས་དང་བརྡ་འཕྲིན་འཐུས་ཚང་དུ་གཏོང་བ་སོགས་འདུས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།