འབར་མ་ཡིས་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ནས་ལོ་ངོ་བརྒྱད་འགོར་བའི་རྗེས་དྲན་བྱ་འགུལ་སྤེལ།
2023.10.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འབར་མ་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ནས་ལོ་ངོ་བརྒྱད་འགོར་བའི་རྗེས་དྲན་བྱ་འགུལ་ཚེས་བཅོ་ལྔ་ཉིན་ནེ་པུས་ཏུའུ་ནས་སྤེལ། འབར་མའི་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲུང་དམག་དཔུང་། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་། མི་རིགས་ས་གནས་དྲག་ཆས་པ། འབར་མའི་སྲིད་ཏང་། ཕྱི་འབྲེལ་དཔོན་པོའི་འཐུས་མི་བཅས་བྱ་འགུལ་ལ་ཞུགས།

འབར་མའི་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། མི་རིགས་མཐུན་སྒྲིལ་དང་ཞི་བདེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མེན་ཨང་ལའེ་དང་། རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པའི་ས་གནས་མི་རིགས་དྲག་ཆས་པའི་འཐུས་མི། དེ་མིན་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པར་བདེན་དཔང་བྱེད་པའི་རྒྱལ་སྤྱིའི་འཐུས་མི་བཅས་ཀྱིས་མཛད་སྒོའི་སྟེང་ཞུ་ཚིག་ཕུལ། མེན་ཨང་ལའེ་ཡིས་བསྟན་དོན། རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པ་དེ་ལས་སླ་མོ་ཞིག་མ་ཡིན་པས། གྲོས་མཐུན་བཀོད་པའི་ས་གནས་མི་རིགས་དྲག་ཆས་པས་དམ་བཅའ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། གྲོས་མཐུན་བཀོད་མེད་པའི་ས་གནས་མི་རིགས་དྲག་ཆས་པས་གྲོས་མཐུན་བཀོད་ནས་མཉམ་དུ་ཞི་བདེ་འཛུགས་སྐྲུན་བྱེད་དགོས་པའི་སྐུལ་མ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།