དབྱི་སི་རལ་དམག་ཕྱོགས་ཀྱིས་སྐམ་མཚོ་མཁའ་གསུམ་མཉམ་འབྲེལ་གྱི་འཐབ་འཁྲུག་འཆར་གཞི་ལག་བསྟར་བྱེད་རྩིས་ཡོད་པའི་ཚུལ་བསྟན།
2023.10.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཁྱབ་ཁོངས་ཆེན་པོའི་འཐབ་འཁྲུག་འཆར་གཞི་ལག་བསྟར་བྱེད་རྩིས་ཡོད་པ་དང་། དེའི་ནང་སྐམ་མཚོ་མཁའ་གསུམ་གྱི་མཉམ་འབྲེལ་དམག་དོན་ཆམ་ཕབ་འགུལ་སྐྱོད་འདུས་ཡོད་ཟེར།

གསལ་སྒྲོག་ལས་དབྱི་སི་རལ་གྱིས་མི་འགྱངས་པར་དམག་དོན་ཆམ་ཕབ་འགུལ་སྐྱོད་སྤེལ་བའི་དམིགས་འབེན་ཁྱབ་ཁོངས་གསལ་བཤད་བྱས་མེད།

གསལ་སྒྲོག་དེ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་མངའ་ཁོངས་ཧྲིལ་བོར་དམག་ཤུགས་བཀོད་སྒྲིག་བྱས་ཏེ། དུས་རིམ་རྗེས་མར་ས་ངོས་ཀྱི་འགུལ་སྐྱོད་ཆེན་མོ་སྤེལ་བ་དང་། དམག་དོན་འགུལ་སྐྱོད་གལ་ཆེན་གྱི་དམག་གྲབས་ལ་ཤུགས་སྣོན་བྱེད་བཞིན་ཡོད། མིག་སྔར་དབྱི་སི་རལ་གྱི་དམག་དོན་ལག་རྩལ་དང་མཁོ་སྒྲུབ་ཅུའུ་ཡིས་གཡུལ་སའི་མཁོ་སྒྲུབ་ལྟེ་གནས་བཙུགས་པ་དང་། དེར་མཁོ་བའི་སྒྲིག་ཆས་དག་ཀྱང་འབྲེལ་ཡོད་དམག་དཔུང་ལ་བརྒྱུད་སྤྲོད་བྱས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།