རྒྱལ་སྤྱིའི་ཆབ་སྲིད་མགོ་ཁྲིད་པ་གཙོ་བོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་ལག་ལེན་ཆེན་མོར་གདེང་འཇོག་ཆེན་པོ་བྱས
2023.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་སྤྱིའི་ཆབ་སྲིད་མགོ་ཁྲིད་པ་མང་བོས་བསྟན་དོན། ལོ་ངོ་བཅུའི་རིང་ལ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་འདོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅིང་། རྒྱལ་ཁབ་སོ་སོའི་དམངས་འཚོའི་ཕན་བདེ་ཇེ་དྲག་ཏུ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཁོ་ཚོས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ནས་འཛམགླིང་ཡོངས་ཀྱི་འཕེལ་རྒྱས་ཐད་རྣམ་པ་གསར་བ་གསར་འབྱེད་བྱེད་པར་རེ་སྒུག་བྱས་ཡོད་པ་དང་། ཀྲུང་གོའི་བར་ལག་རྡང་སྦྲེལ་ནས་སྔར་ལས་ཁོད་ཡངས་པའི་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་ཞིག་གསར་དུ་བཏོད་པར་རེ་སྒུག་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།