ཀྲུང་གོའི་སྲིད་གཞུང་གིས་ཕཱ་ལེ་སི་ཐན་ལ་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས།
2023.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་གི་གསར་འགྱུར་མགྲིན་ཚབ་པ་ཞུའུ་ཝེ་ཡིས་ཚེས་བཅུ་དྲུག་ཉིན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབོད་སྐུལ་དང་ལེན་བྱེད་པ་དང་། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་གནས་བབ་ཞི་འཇགས་སུ་གཏོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རོགས་སྐྱོར་དང་བཟོ་སྐྲུན་ཁྲུའུ་དང་། དེ་མིན་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ལ་སོ་སོར་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་ཡོད་ལ། ཅཱ་ཧྲ་ས་ཁུལ་གྱི་ཟས་རིགས་དང་སྨན་བཅོས། སྡོད་གནས་སོགས་ཀྱི་བྲེལ་མྱུར་དགོས་མཁོ་ཐག་གཅོད་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།