ཁོ་ཐི་ཏིས་ཝོར་གྱི་ཙུང་ཐུང་གིས་ཙུང་ལི་གསར་བ་བསྐོ་འཇོག་བྱས།
2023.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁོ་ཐི་ཏིས་ཝོར་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་ཝ་ཐཱ་ལཱ་ཡིས་ཉིན་དེར་བཅའ་ཁྲིམས་བཀའ་རྒྱ་ཞིག་བཀོད་དེ། པའོ་ཀི་ལོས་ཙུང་ལི་གསར་བར་བསྐོ་འཇོག་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། པའོ་ཀི་ལོས་ཀྱིས་མི་འགྱངས་པར་ཝ་ཐཱ་ལཱ་ལ་སྐབས་གསར་བའི་སྲིད་གཞུང་གི་ཁོངས་མིའི་མིང་འདོན་སྤྲོད་རྒྱུ་རེད་ཟེར།

པའོ་ཀི་ལོས་ཀྱིས་དེའི་སྔོན་ཨ་པུས་རང་རང་སྐྱོང་ས་ཁུལ་ཆེན་མོའི་སྲིད་འཛིན་དཔོན་པོ་དང་ཁོ་ཐི་ཏིས་ཝོར་སྒེར་ཚུགས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་མྱོང་།

ཁོ་ཐི་ཏིས་ཝོར་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་ཝ་ཐཱ་ལཱ་ཡིས་བཀའ་རྒྱ་བཏང་ནས་སྲིད་འཛིན་ལས་ཁུངས་གཏོར་བ་དང་། ཝ་ཐཱ་ལཱ་ཡིས་ཙུང་ལི་གསར་བ་བསྐོ་འཇོག་བྱེད་རྒྱུ་མ་ཟད། སྲིད་འཛིན་ལས་ཁུངས་གསར་བ་འཛུགས་པར་མིང་འདོན་བྱེད་རྒྱུ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།