ཁུན་ནེ་ཡཱའི་ཙུང་ཐུང་གིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་པ་ལས་ཁུན་ནེ་ཡཱ་དང་ཀྲུང་གོའི་མཛའ་བརྩེ་དང་མཉམ་ལས་རྣམ་པ་བཟང་བོ་བསྐྲུན་ཡོད་པའི་ཚུལ་བསྟན།
2023.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁུན་ནེ་ཡཱའི་ཙུང་ཐུང་ལུའུ་ཐའོ་ཡིས་ཚེས་བཅུ་བདུན་ཉིན་པེ་ཅིང་ནས་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ལ་མ་ཞུགས་གོང་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ཏེ། ཁུན་ནེ་ཡཱ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་ཐོབ་ཡོད་པར་མ་ཟད། མཛའ་བརྩེ་དང་མཉམ་ལས་ཟུང་ལྡན་གྱི་རྣམ་པ་བཟང་བོར་མཉམ་སྐྲུན་བྱས་ཡོད་ཟེར།

ཐའོ་ལུའུ་ཡིས་བཤད་རྒྱུར། ཐེངས་འདིར་ཀྲུང་གོར་ཡོང་ནས་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་པ་དེ་གཅིག་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ནས་ལོ་ངོ་བཅུའི་རིང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པར་རྟེན་འབྲེལ་ཞུ་བ་དང་། གཉིས་ནས་སྔར་ཡོད་ཀྱི་ཉམས་མྱོང་བརྗེ་རེས་མཉམ་སྤྱོད་བྱེད་པ་ཡིན་ལ། གསུམ་ནས་མ་འོངས་པར་ཇི་ལྟར་དེ་ལས་ལྷག་ཏུ་བཟང་བ་དང་། ཁྱད་པར་དུ་གྲངས་ལྡན་ཅན་གྱི་ལག་རྩལ་ཁྱབ་ཁོངས་ལ་གྲོས་བསྡུར་བྱེད་ཆེད་ཡིན་ཟེར།

ལུའུ་ཐའོ་ཡིས་བཤད་རྒྱུར། ལོ་ངོ་བཅུའི་རིང་ལ། ང་ཚོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་ཁྱབ་ཁོངས་ནས་ངེས་པ་དོན་གྱི་གྲུབ་འབྲས་བླངས་ཡོད་ལ། ང་ཚོས་ད་རུང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་འབྲེལ་ཟམ་བཙུགས་ཡོད་ཟེར།

ཀྲུང་གོ་དང་ཁུན་ནེ་ཡཱའི་མཉམ་ལས་བྱས་ཏེ་འཛུགས་སྐྲུན་བྱས་པའི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཁྲོད། སྤྱིའི་རིང་ཚད་ལ་སྤྱི་ལེ་དྲུག་བརྒྱ་ཙམ་ཡོད་པའི་ཁུན་ནེ་ཡཱའི་ཚད་ལྡན་ལྕགས་ལམ་ནི་ཁུན་ནེ་ཡཱ་རང་བཙན་བྱས་པའི་ཚུན་ལ་ཆེས་ཆེ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ཞིག་ཡིན་པ་དང་། ཁུན་ནེ་ཡཱ་ཡིས་ཉིས་སྟོང་སུམ་ཅུ་ལོའི་རྒྱལ་ཁབ་འཕེལ་རྒྱས་རེ་འདུན་མངོན་འགྱུར་བྱེད་པའི་སྣེ་ཁྲིད་བཟོ་སྐྲུན་ཡང་ཡིན་པ་རེད། ནེ་ལོ་པུས་ཀྱི་མྱུར་བགྲོད་གཞུང་ལམ་དེ་ཡང་ཁུན་ནེ་ཡཱའི་ཆེས་གལ་ཆེ་བའི་རྨང་གཞིའི་སྒྲིག་ཆས་ཤིག་ཡིན་པ་དང་། ས་དེའི་འགྲིམ་འགྲུལ་འཚང་ཁའི་གནས་ཚུལ་ཞི་འཇགས་སུ་གཏོང་ཐུབ་ལ། ཉིན་རེའི་རླངས་འཁོར་གྱི་བཞུར་ཚད་ཁྲི་དྲུག་ལ་བསླེབས་ཡོད།

ལུའུ་ཐའོ་ཡིས་བཤད་རྒྱུར། འདས་པའི་ལོ་ངོ་བཅུ་ནི་རྒྱལ་ཁའི་དུས་སྐབས་ཤིག་ཡིན་པ་དང་། ཀྲུང་གོའི་བར་མུ་མཐུད་དུ་མཉམ་ལས་བྱས་ཏེ། ང་ཚོས་ཚན་རྩལ་དང་གྲངས་ལྡན་ཅན་གྱི་ཐབས་ལམ་གསར་བ་རྒྱ་བསྐྱེད་བྱས་ནས་མཉམ་ལས་དེ་སྔར་ལས་སྐས་རིམ་གསར་བ་ཞིག་ལ་བསླེབ་ཏུ་འཇུག་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།