ཨ་མེ་རི་ཁར་ལོ་རེར་ནགས་ཚལ་མེ་སྐྱོན་ལས་མེ་སྒོར་ཁྲག་ཁྲིག་དགུ་ཙམ་གྱི་གྱོང་གུད་ཐེབས་ཡོད།
2023.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཚེས་བཅུ་དྲུག་ཉིན་སྤེལ་བའི་སྙན་ཞུ་ཅིག་ལས་བཤད་རྒྱུར། ནམ་ཟླའི་འགྱུར་ལྡོག་ལས་བྱུང་བའི་ནགས་ཚལ་མེ་སྐྱོན་གྱིས་ལོ་རེར་ཨ་མེ་རི་ཁའི་དཔལ་འབྱོར་ཐད་མེ་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་དགུ་ཐེར་འབུམ་བཞི་ནས་མེ་སྒོར་ཁྲག་ཁྲིག་བརྒྱད་དང་ཐེར་ཆེན་དགུ་ཐེར་འབུམ་གསུམ་གྱི་གྱོང་གུད་བཟོ་བཞིན་ཡོད་པ་དང་། ད་ལྟའི་བར་དུ་སྲིད་གཞུང་གི་སྙན་ཞུའི་ཚོད་དཔག་གི་ཚད་ལས་ལྡབ་གཉིས་ཀྱིས་ཇེ་མང་དུ་སོང་ཡོད། སྙན་ཞུ་ལས་བཤད་རྒྱུར། ནགས་ཚལ་མེ་སྐྱོན་ལས་ཐད་ཀར་བཟོས་པའི་གྱོང་གུད་ལས་གཞན་ད་རུང་ས་ཁོངས་བདག་ཁང་གི་རིན་གོང་དང་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་སོགས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ནས། དེ་ལས་ལྷག་པའི་དཔལ་འབྱོར་གྱོང་གུད་བཟོས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།