བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ལ་འབྲེལ་བའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་མེད།
2023.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས་བཅུ་དྲུག་ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨུ་རུ་སི་ཡིས་རྩོམ་འབྲི་བྱས་པའི་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་གནད་དོན་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད། གྲོས་ཆོད་འཆར་ཟིན་དེ་ལས་མི་སེར་དཀྱུས་མར་དམིགས་པའི་དྲག་ཤུགས་དང་དགྲར་འཛིན་འགུལ་སྐྱོད། འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་བཅས་ལ་རྒོལ་གཏམ་བཏང་ཡོད་ལ། མྱུར་མོར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་བྱེད་ཐབས་ལག་བསྟར་བྱས་ནས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་རྒྱུ་ལམ་བཏོད་དགོས་པའི་འབོད་སྐུལ་བཏང་ཡོད། ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་པན་བཅས་རྒྱལ་ཁབ་བཞི་ཡིས་ངོ་རྒོལ་འདེམ་ཤོག་འཕངས་པས་གྲོས་ཆོད་འཆར་ཟིན་དེར་གྲོས་འཆམ་འབྱུང་ཐུབ་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།