ཨེ་ཅིབ་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ལཱ་ཧྥ་རྒྱུ་ལམ་བརྒྱུད་ནས་ཅཱ་ཧྲ་ས་ཁུལ་དུ་རོགས་སྐྱོར་དངོས་རྫས་སྐྱེལ་བར་ཡིད་འཐད་བྱུང་།
2023.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་དགུ་ཉིན་གྱི་ཞོགས་པར་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ནས། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་བཅོ་བརྒྱད་ཉིན་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་ཁ་པར་གྲོས་མོལ་བྱས་པ་དང་། ལཱ་ཧྥ་རྒྱུ་ལམ་བརྒྱུད་ནས་ཅཱ་ཧྲ་ས་ཁུལ་དུ་རྒྱུན་མཐུད་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་འཐད་པ་བྱུང་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོག་འོག་རྒྱལ་སྤྱིའི་མི་ཆོས་རིང་ལུགས་རྩ་འཛུགས་བར་མཐུན་སྦྱོར་བྱས་ཏེ། རོགས་སྐྱོར་དངོས་རྫས་དག་སྐྱེལ་འདྲེན་བྱེད་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།