མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྔོན་ཆད་ཀྱི་སྤྱི་ཁྱབ་ལས་འཛིན་པས་རྒྱུད་གཅིག་ལམ་གཅིག་གྲོས་འདོན་གྱིས་དམངས་སེམས་གཅིག་སྒྲིལ་ལ་ཡར་སྐུལ་བྱས་ཡོད་པའི་ཚུལ་བསྟན།
2023.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྔོན་ཆད་ཀྱི་སྤྱི་ཁྱབ་ལས་འཛིན་པ་པའོ་ཁི་ཝ་ཡིས་ཚེས་བཅོ་བརྒྱད་ཉིན་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་རིག་མཛོད་བརྗེ་རེའི་ཆེད་དོན་གླེང་སྟེགས་སྟེང་བཤད་རྒྱུར། རྒྱུད་གཅིག་ལམ་གཅིག་གྲོས་འདོན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཆེར་ཐོབ་ཡོད་པ་དང་། དམངས་སེམས་གཅིག་ཏུ་སྦྲེལ་བར་སྐུལ་འདེད་ཐེབས་ཡོད་ཟེར།

པའོ་ཁི་ཝ་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་དངོས་འབེབས་བྱེད་པའི་ཐད་ལ་རྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་དེ་ཧ་ཅང་གལ་ཆེན་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བཤད་པ་ནང་བཞིན། དེ་གཉིས་ཀྱི་གཞི་རྩའི་རེ་འདུན་གཅིག་འདྲ་ཡིན་པ་དང་། རྒྱལ་ཁབ་དང་ས་ཁུལ་བར་གྱི་གཅིག་འབྲེལ་གཅིག་བརྟེན་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་བརྩོན་བཞིན་ཡོད་ལ། རྨང་གཞིའི་སྒྲིག་ཆས་དང་ཚོང་ལས། དངུལ་ལོར་སོགས་ཀྱི་ཐད་ལ་འབྲེལ་ཡོད། ཆེས་གལ་ཆེ་བ་ནི་དམངས་སེམས་གཅིག་སྦྲེལ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ཡོད། རྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་འོག ཀྲུང་གོས་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཐད་ལ་བྱས་རྗེས་མང་བོ་བཞག་ཡོད་ཟེར།

པའོ་ཁི་ཝ་ཡིས་བཤད་རྒྱུར། རྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་བཏོན་ནས་ལོ་ངོ་བཅུ་འགོར་བའི་སྐབས་སུ། ཁོ་མོས་ཀྱང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་གསུམ་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་བྱེད་སྐབས། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་གཏམ་བཤད་སྤེལ་ནས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཁྱོད་ནི་ང་ཡིན། ང་ནི་ཁྱོད་ཡིན་པའི་ལས་སྐལ་ཐུན་མོང་ཚོགས་པ་ཆགས་པར་བྱེད་དགོས་པར་བསྟན་པ་ཡིད་ལ་དྲན་བྱུང་ཟེར། པའོ་ཁི་ཝ་ཡིས་བསྟན་དོན། ཀྲུང་གོས་ཧུར་ཐག་སྒོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་ལ་རྒྱབ་སྐྱོར་བྱེད་པ་དང་། དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་བཞིན་ཡོད། ཀྲུའུ་ཞི་ཅིན་ཕིང་གིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་གྱིས་འཛམ་གླིང་ཡོངས་ཀྱི་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་འགྲན་རྩོད་ཐག་གཅོད་བྱེད་པར་ཕན་ནུས་ལྡན་པའི་ཐག་གཅོད་ཇུས་གཞི་འདོན་སྤྲོད་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།