སི་ལོ་ཝ་ཁིའི་ཙུང་ཐུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པའི་ཚུལ་བསྟན།
2023.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སི་ལོ་ཝ་ཁིའི་ཙུང་ཐུང་ཆཱ་ཕུའུ་ཐའོ་ཝ་ཡིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། སི་ལོ་ཝ་ཁི་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། མུ་མཐུད་དུ་མཛའ་མཐུན་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཆཱ་ཕུའུ་ཐའོ་ཝ་་ཡིས་ཉིན་དེར་གསར་དུ་འགན་ཁུར་བའི་སི་ལོ་ཝ་ཁི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཚེ་ཀི་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།

ཚེ་ཀི་ཡིས་བསྟན་དོན། ཀྲུང་གོ་དང་སི་ལོ་ཝ་ཁིའི་བར་སྲོལ་རྒྱུན་གྱི་མཛའ་བརྩེ་ལྡན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཉམ་གནས། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྩ་དོན་རྨང་གཞིའི་སྟེང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་སི་ལོ་ཝ་ཁིའི་འབྲེལ་བ་དེ་མདུན་ནས་མདུན་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།