ཧེ་ཐིའི་མཐོ་རིམ་བར་བརྒལ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་བཙན་ཁྲིད་བྱས།
2023.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧེ་ཐིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཧེ་ཐིའི་མཐོ་རིམ་བར་བརྒལ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཧྲིན་ཕིས་ཨེ་ཨར་ཚེས་བཅོ་བརྒྱད་ཉིན་རྒྱལ་ས་རྒྱལ་སྲས་གྲུ་ཁ་ནས་བཙན་ཁྲིད་བྱས་ཟེར།

མཐོ་རིམ་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ནེ་ཀཱ་ཡིས་བཤད་རྒྱུར། ཉིན་དེའི་ཉིན་གུང་ཧྲིན་ཕིས་ཨེ་ཨར་ཉེན་རྟོག་པར་བརྫུས་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་བཙན་ཁྲིད་བྱས་པ་དང་། བཙན་ཁྲིད་བྱེད་སའི་ཉེ་འདབས་སུ། ཧེ་ཐིའི་རྒྱལ་ཁབ་ཉེན་རྟོག་པ་དང་ནག་ཚོགས་ཁོངས་མིའི་བར་འཁྲུག་རྩོད་ཀྱང་བྱུང་བ་རེད།

མཐོ་རིམ་བར་བརྒལ་ཨུ་ཡོན་ལྷན་ཁང་དེ་ཧེ་ཐིའི་ཙུང་ལི་ཧིན་ལེ་ཡིས་ད་ལོའི་ལོ་མགོར་ཁྱབ་བསྒྲགས་བྱས་ནས་བཙུགས་པ་ཡིན་ལ། དེའི་འགན་འཁྲི་ནི་ཧེ་ཐི་ཡིས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བར་གྲ་སྒྲིག་བྱེད་རྒྱུ་དེ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།