བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་གྱི་གྲོས་ཆོད་འཆར་གཞི་ལ་ཨ་མེ་རི་ཁས་ངོ་རྒོལ་བྱས་པའི་དབང་གིས་ཡང་བསྐྱར་གྲོས་འཆམ་བྱུང་མེད།
2023.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས་བཅོ་བརྒྱད་ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐེངས་གཉིས་པར་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་གྱི་གྲོས་ཆོད་འཆར་ཟིན་ལ་འདེམ་ཤོག་འཕངས་པ་དང་། ཨ་མེ་རི་ཁས་ཡང་བསྐྱར་ངོ་རྒོལ་འདེམ་ཤོག་འཕངས་པས་གྲོས་ཆོད་དེར་གྲོས་འཆམ་འབྱུང་ཐུབ་མེད། འཆར་ཟིན་དེ་ནི་པཱ་ཞི་རྒྱལ་ཁབ་ཀྱིས་བཏོན་པ་ཡིན་ཞིང་། ཕྱོགས་སོ་སོས་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་དང་མི་སེར་དཀྱུས་མ་དང་དམངས་སྤྱོད་རྨང་གཞིའི་སྒྲིག་ཆས་ལ་སྲུང་སྐྱོབ་བྱེད་པ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་ཡོད། ཨ་མེ་རི་ཁས་བཤད་རྒྱུར། འཆར་ཟིན་དེའི་ཁྲོད་དབྱི་སི་རལ་ལ་རང་སྲུང་དབང་ཆ་ཡོད་པ་གླེང་མེད་ཟེར།

དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་མི་སེར་དཀྱུས་མ་དམར་གསོད་བཏང་བར་རྒོལ་གཏམ་བཏང་བ་དང་། ཕཱ་ལེ་སི་ཐན་མི་དམངས་ཀྱི་འཕྲོག་ཏུ་མེད་པའི་ཁེ་དབང་སྣ་ཚོགས་ལ་རྒྱབ་སྐྱོར་བྱེད་པ་ནན་གྱིས་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།