ཁཱ་ནཱ་ཏཱའི་ཕྱི་འབྲེལ་དཔོན་པོ་ཞེ་གཅིག་རེ་བ་ལྟར་རྒྱ་གར་དང་བྲལ།
2023.10.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁཱ་ནཱ་ཏཱའི་ཕྱི་འབྲེལ་བློན་ཆེན་ཆའོ་ལེ་ཡིས་ཚེས་བཅུ་དགུ་ཉིན་བོ་ཐེ་ཧྭ་ནས་བཤད་རྒྱུར། ཁཱ་ནཱ་ཏཱའི་ཕྱི་འབྲེལ་དཔོན་པོ་ཞེ་གཅིག་རྒྱ་གར་ནས་ཕྱིར་འཐེན་བྱས་ཡོད་ཟེར། ཆའོ་ལེ་ཡིས་བཤད་རྒྱུར། རྒྱ་གར་གྱིས་ཕྱི་འབྲེལ་དཔོན་པོ་དེ་དག་དང་ཁོ་ཚོའི་ཁྱིམ་མི་ཚང་མ་ཚེས་ཉི་ཤུ་ཉིན་གྱི་སྔོན་ལ་འབྲལ་དགོས་པའི་རེ་བ་བཏོན་པ་དང་། དེ་ལྟ་མིན་ཚེ་ཕྱོགས་གཅིག་ནས་ཁོ་ཚོའི་ཕྱི་འབྲེལ་གྱི་ཁེ་དབང་རྩིས་མེད་དུ་གཏོང་རྒྱུའི་ཚུལ་བསྟན། རྒྱ་གར་ཕྱོགས་ཀྱིས་དེའི་ཁཱ་ནཱ་ཏཱ་སོགས་ཀྱིས་འདྲ་མཉམ་གྱི་རྩ་དོན་ལྟར་རྒྱ་གར་དུ་ཡོད་པའི་ཕྱི་འབྲེལ་དཔོན་པོའི་མི་གྲངས་ཇེ་ཉུང་དུ་གཏོང་དགོས་པའི་རེ་བ་བཏོན། ཁཱ་ནཱ་ཏཱའི་ཙུང་ལི་ཐི་ལུའུ་ཏའོ་ཡིས་ཟླ་སྔོན་མར་རྒྱ་གར་གྱི་གསང་མྱུལ་བ་ཁཱ་ནཱ་ཏཱའི་སྤྱི་དམངས་ལྐོག་གསོད་བྱེད་པའི་བྱ་བར་ཞུགས་པར་བཤད་པས། རྒྱལ་ཁབ་གཉིས་ཀྱི་བར་ཕྱི་འབྲེལ་གྱི་རྩོད་གླེང་བྱུང་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།