རྒྱལ་སྤྱིའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་བསྡུས་པའི་མཛད་སྒོ་སྟེང་གནང་བའི་བརྗོད་དོན་གསུང་བཤད་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། སྤུས་ཚད་མཐོ་བའི་ངང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་དེས་རྒྱལ་ཁབ་སོ་སོ་མཉམ་དུ་ཕྱུག་པོར་བསྒྱུར་བ་དང་མཉམ་ལས་མཉམ་རྒྱལ་བྱེད་པར་སྐུལ་འདེད་གཏོང་ཐུབ་སྙམ།
རྒྱལ་སྤྱིའི་མི་སྣས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཀྲུང་གོས་སྤུས་ཚད་མཐོ་བའི་ངང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་འགུལ་སྐྱོད་སྣ་བརྒྱད་བསྒྲགས་པ་དེར་རྒྱབ་སྐྱོབ་བྱེད་རྒྱུ་ཡིན་པ་དང་། ཁོ་ཚོས་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་ཧ་ཅང་འཐད་པ་བྱུང་ཡོད་ཟེར།
རིན་ཆེན་མཚོས་བསྒྱུར།