སོ་མཱ་ལིའི་རྒྱལ་སའི་ཉེ་འདབས་སུ་རང་སྲོག་གཅོད་པའི་འགད་རྫས་ཅན་གྱི་རླངས་འཁོར་གྱི་འཇབ་རྒོལ་ཐེབས་ནས་མི་དྲུག་རྐྱེན་ལམ་དུ་ཤོར།
2023.10.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22


ཚེས་ཉེར་གཅིག་ཉིན། སོ་མཱ་ལིའི་རྒྱལ་ས་མོ་ཅ་ཏིས་ཧྲ་ཉེ་འདབས་སུ་རང་སྲོག་གཅོད་པའི་འགད་རྫས་ཅན་གྱི་རླངས་འཁོར་གྱི་འཇབ་རྒོལ་ཐེབས་ནས་སོ་མཱ་ལིའི་རྒྱལ་དམངས་དམག་དཔུང་གི་དམག་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་མི་དགུ་ལ་རྨས་ཕོག

སོ་མཱ་ལི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ས་ཏིས་ཁུ་ཡ་ཏེན་ཨ་ལིས་ཀྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉིན་དེའི་ཆུ་ཚོད་ལྔ་དང་སྐར་མ་སུམ་ཅུ་ཡས་མས་སུ་རང་སྲོག་གཅོད་པའི་འཇབ་རྒོལ་བྱེད་མཁན་གྱིས་འགད་རྫས་རླངས་འཁོར་སྐོར་ནས་མོ་ཧྲ་ཏིས་ཅཱ་བྱང་ཕྱོགས་ཀྱི་སྤྱི་ལེ་ཉི་ཤུའི་འཚམས་ཀྱི་ཞིབ་བཤེར་ས་ཚིགས་སུ་བསྐྱོད་སྐབས་སོ་མཱ་ལིའི་རྒྱལ་དམངས་དམག་གིས་བཀག་པ་དང་། དེའི་རྗེས་སུ་རླངས་འཁོར་སྐོར་མཁན་གྱིས་འགད་རྫས་བཀད་ནས་དམག་མི་བཞི་དང་མང་ཚོགས་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་ལ་རྨས་ཕོག

ཨ་ལིས་ཀྱིས་བཤད་རྒྱུར། འཇབ་རྒོལ་བྱེད་མཁན་འདིའི་ཐོག་མའི་དམིགས་ཡུལ་ནི་མོ་ཅ་ཏིས་ཧྲ་ཡིན་ལ། འཇབ་རྒོལ་འདིས་ཞིབ་བཤེར་ས་ཚིགས་ཉེ་འགྲམ་གྱི་ཁང་བར་གཏོར་སྐྱོན་བཟོས།

སོ་མཱ་ལི་མ་གཞོན་ཏང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས།

སོ་མཱ་ལིའི་མ་གཞོན་ཏང་ནི་རྟེན་གཞི་རྩ་འཛུགས་དང་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་ལ། ཉེ་བའི་ལོ་འགའི་ནང་སོ་མཱ་ལིས་དང་ཉེ་འབྲེལ་རྒྱལ་ཁབ་བར་ཐེངས་མང་པོར་འཇབ་རྒོལ་བྱས།

མི་ཕམ་མགོན་པོས་བསྒྱུར།