མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅ་ཧྲ་ས་ཁུལ་གྱི་མི་ས་ཡ་གཅིག་དང་འབུམ་བཞི་ལྷག་གནས་མེད་ཡུལ་གྱུར་བར་གྱུར་བ་དང་། རོགས་སྐྱོར་དངོས་ཟོག་ཅ་ཧྲ་ས་ཁུལ་དུ་འབྱོར་ཡོད་ཟེར།
2023.10.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་ཚེས་ཉི་ཤུ་ཉིན་བསྒྲགས་པ་ལྟར་ན། སྐོར་ཐེངས་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཀྱི་ཚུན་ནས། ཅ་ཧྲ་ས་ཁུལ་གྱི་མི་གྲངས་ས་ཡ་གཉིས་ལྷག་གི་ཁྲོད་ནས་མི་ས་ཡ་གཅིག་དང་འབུམ་བཞི་གནས་མེད་ཡུལ་གྱར་བར་གྱུར་ཟེར།

ཚེས་ཉེར་གཅིག་ཉིན། ཅ་ཧྲ་དང་ཨེ་ཅིབ་དང་སྦྲེལ་བའི་ལ་ཧྥ་གྲུ་ཁ་སྒོ་ཕྱེས་པ་དང་། ཉིན་མང་པོར་རེ་སྒུག་བྱས་པའི་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་རླངས་འཁོར་ལ་ཧྥ་གྲུ་ཁ་བརྒྱུད་དེ་ཅ་ཧྲ་ལ་འབྱོར།

ཨེ་ཅིབ་ཀྱིས་མགོ་འཛིན་བྱས་པའི་ཕ་ལེ་སི་ཐན་གནད་དོན་གྱི་རྩེ་ཚོགས་དེ་ཚེས་ཉེར་གཅིག་ཉིན་བསྡུས། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི། ཀྲུང་གོ་དང་དབུས་ཤར། ཡོ་རོབ་གླིང་སོགས་རྒྱལ་ཁབ་མང་པོའི་འཐུས་ཚབ་གྲོས་ཚོགས་ལ་ཞུགས། སའེ་ཞི་ཡིས་ཚོགས་ཐོག་ནས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་འབེན་ནི་ཅ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནོད་འཚེའི་མཇུག་བསྒྲིལ་ནས། ཞི་བདེའི་བརྒྱུད་རིམ་སྐྱོབ་པ་དེ་ཡིན།

རིན་ཆེན་མཚོས་བསྒྱུར།