སུའུ་ཏན་དྲག་ཆས་དམག་དཔུང་གིས་ཉེ་དུས་ཞི་བའི་གྲོས་མོལ་སླར་གསོ་བྱ་རྒྱུ་ཡིན་ཟེར།
2023.10.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སུའུ་ཏན་དྲག་ཆས་དམག་དཔུང་གིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཟླ་འདིའི་ཚེས་ཉེར་དྲུག་ཉིན་སོ་ཏི་ཨ་རབ་ཀྱི་གྲུ་ཁའི་གྲོང་ཁྱེར་ཅི་ཏཱ་ནས་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་བར་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱ་རྒྱུ་ཡིན་ཟེར།

སུའུ་ཏན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་གཞོན་པ་ཧྲ་མུའུ་སི་ཏིང.ཁ་པ་ཞི་ཡིས་ཉིན་དེར་རྒྱལ་ས་ཁཱ་ཐུའུ་མུའུ་ནུབ་རྒྱུད་ཀྱི་དམག་དོན་རྟེན་གཞི་ཞིག་གི་དཔོན་དམག་ལ་བཤད་རྒྱུར། སུའུ་ཏན་དྲག་ཆས་དམག་དཔུང་ལ་ཅི་ཏ་རུ་ཞི་བའི་གྲོས་མོལ་སླར་གསོར་ཞུགས་རྒྱུའི་གདན་ཞུ་ཡི་གེ་འབྱོར་བར་མ་ཟད། འཐུས་ཚབ་ཚོགས་པ་མངག་ནས་ཚེས་ཉེར་དྲུག་ཉིན་བསྡུ་རྒྱུ་ཡིན་པའི་གྲོས་མོལ་ལ་ཞུགས་རྒྱུ་ཡིན་ཟེར། ཁོས་གདན་ཞུ་བྱེད་མཁན་སུ་ཡིན་པ་གསལ་བོར་མ་བཤད།

ཟླ་བདུན་པའི་ཟླ་མཇུག་ཏུ། སུའུ་ཏན་དྲག་ཆས་དམག་དཔུང་གིས། གནད་དོན་ཁ་ཤས་སྟེང་ད་དུང་ལྟ་བ་མི་མཐུན་པའི་དབང་གིས། སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་བར་གྱི་ཅི་ཏཱ་ནས་བསྡུ་བའི་ཐད་ཀར་མིན་པའི་གྲོས་མོལ་གྱི་མཚམས་འཇོག་རྒྱུ་ཡིན་ཞེས་བསྒྲགས། 

རིན་ཆེན་མཚོས་བསྒྱུར།