ལ་ཏེན་མེ་གླིང་གི་རྒྱལ་ཁབ་མང་བོས་ཡུལ་གྱར་པའི་ཁྲོད་ཀྱི་ཕྱོགས་གཅིག་བཙན་ཤེད་བྱེད་ཐབས་བཀག་འགོག་བྱེད་རྒྱུའི་འབོད་སྐུལ་བཏང་།
2023.10.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ལ་ཏེན་མེ་གླིང་དང་ཅ་ལི་པིས་ས་ཁུལ་གྱི་རྒྱལ་ཁབ་མང་བོའི་འགོ་ཁྲིད་མི་སྣས་ཚེས་ཉེར་གཉིས་ཉིན་མོ་ཞི་ཁོ་ལྷོ་རྒྱུད་ཀྱི་ཆཱ་ཕ་སི་མངའ་སྡེ་ཕཱ་ལུན་ཁི་ནས་ཡུལ་གྱར་པའི་གནད་དོན་ཐད་ཀྱི་གྲོས་ཚོགས་བསྡུས། ཚོགས་ཞུགས་ཕྱོགས་སོ་སོས་ཕྱོགས་གཅིག་བཙན་ཤེད་བྱེད་ཐབས་སོགས་ཀྱི་སྤྱོད་ཚུལ་བཀག་འགོག་བྱེད་རྒྱུའི་འབོད་སྐུལ་བཏང་།

ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལའོ་དང་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏེ་ཡ་སི.ཁཱ་ནེ་ཨེར། ཧུང་ཏུའུ་ར་སིའི་ཙུང་ཐུང་ཁཱ་སི་ཐི་ལའོ། ཁོ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐི་ལའོ་སོགས་འགོ་ཁྲིད་མི་སྣ་ཉིན་དེར་ཕ་ལུང་ཁི་རུ་འཛོམས་ནས་གསང་བའི་གྲོས་ཚོགས་བསྡུས་པ་དང་། བརྗོད་སྙིང་ནི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་བ་དང་ཐུན་མོང་གི་བདེ་སྐྱིད་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ལ། ཚོགས་ཞུགས་ཕྱོགས་སོ་སོས་གྲོས་དོན་མང་བོའི་ཐད་ནས་ཐོག་མའི་བསམ་འཆར་བྱུང་བར་མ་ཟད་མཉམ་འབྲེལ་སྤྱི་བསྒྲགས་སྤེལ།

མཉམ་འབྲེལ་སྤྱི་བསྒྲགས་ནང་བཤད་རྒྱུར། རྒྱལ་ཁབ་ཁ་ཤས་ཀྱིས་ཡུལ་གྱར་པའི་གནད་དོན་སྟེང་ཕྱོགས་གཅིག་བཙན་ཤེད་བྱེད་ཐབས་སྤྱོད་པ་དང་། དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བ་མ་ཟད། ད་དུང་ཡུལ་གྱར་པའི་དམིགས་འབེན་རྒྱལ་ཁབ་ལས་གཞན་པའི་ས་ཁུལ་ལ་གནོད་བྱེད་ཀྱིན་ཡོད་པས། ཕྱོགས་སོ་སོས་ས་ཁུལ་དང་རྒྱལ་ཁབ་ལ་ཕྱོགས་གཅིག་བཙན་ཤེད་བྱེད་ཐབས་སྤྱོད་པ་སོགས་ཀྱི་སྤྱོད་ཚུལ་བཀག་འགོད་བྱེད་འོས། ཕྱོགས་སོ་སོས་ཡུལ་གྱར་པ་འགྲོ་སའི་རྒྱལ་ཁབ་ཀྱིས་ས་ཁུལ་གྱི་གནས་ཚུལ་དངོས་དང་མཐུན་པའི་ཡུལ་གྱར་བའི་སྲིད་ཇུས་བྱེད་ཐབས་སྤྱད་དེ། ཡུལ་གྱར་པ་གོ་ལོག་འབྱུང་ངེས་པའི་འབོད་སྐུལ་ཕན་ནུས་འབྱུང་བར་བཀག་འགོག་བྱེད་རྒྱུའི་འབོད་སྐུལ་བཏང་།

སྤྱི་བསྒྲགས་ལྟར་ན། ཕྱོགས་སོ་སོས་ད་དུང་གཙོ་བོར་འབྲུ་རིགས་དང་ཁོར་ཡུག་སྲུང་སྐྱོབ། རྒྱལ་ཁོངས་བརྒལ་བའི་རྩ་འཛུགས་ཅན་གྱི་ནག་ཉེས་ལ་ཆམ་ཕབ་གཏོང་བ་སོགས་ཀྱི་གྲོས་དོན་ལ་ཡིད་འཐད་བྱུང་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མེ་གླིང་དབུས་རྒྱུད་ཀྱི་འབྲེལ་ཡོད་རྒྱལ་ཁབ་བར་གྱི་འབྲེལ་བར་ཤུགས་སྣོན་རྒྱུའི་འབོད་སྐུལ་བཏང་།

རིན་ཆེན་མཚོས་བསྒྱུར།