ཧ་མ་སི་ཡིས་བཀག་སྐྱིལ་བྱས་པའི་མི་གཉིས་བཙོན་བཀྲོལ་བཏང་།
2023.10.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་མངའ་འོག་གི་དྲག་ཆས་ཕྱོགས་ཁག་ཁཱ་སང་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་བསྒྲགས་རྒྱུར། ཁཱ་སང་དམག་དཔུང་གིས་མི་ཆོས་རིང་ལུགས་ཀྱི་བསམ་གཞིགས་གཞིར་བཟུང་ནས་བཀག་སྐྱིལ་བྱས་པའི་བུད་མེད་གཉིས་བཙོན་བཀྲོལ་བཏང་།

ཁཱ་སང་དམག་དཔུང་གིས་གསལ་བསྒྲགས་ནང་བཤད་རྒྱུར། ཐག་གཅོད་དེ་ཁ་ཐར་དང་ཨེ་ཅིབ་ཀྱིས་བར་འདུམ་འོག་ཕྱིར་བཏོན་པ་ཡིན་ཟེར། གསལ་བསྒྲགས་ནང་བུད་མེད་དེ་གཉིས་ཀྱི་རྒྱལ་ཁོངས་གསལ་བོར་བཤད་མེད།

ཨེ་ཅིབ་དཔོན་ཕྱོགས་འཕྲིན་གཏོང་ཁང་དབུས་ཤར་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧྭ་མ་སིས་བཙོན་བཀྲོལ་བཏང་བའི་བུད་མེད་རྒན་པ་དེ་གཉིས་ཨེ་ཅིབ་དང་ཅ་ཧྲ་ས་ཁུལ་གྱི་མཐའ་མཚམས་ཀྱི་ལཱ་ཧྥ་གྲུ་ཁར་འབྱོར། དབྱི་སི་རལ་གྱི་དཔོན་པོ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་བྱ་བའི་ཚན་ཆུང་ལཱ་ཧྥ་གྲུ་ཁར་སྐྱོད་བཞིན་པའི་སྒང་ཡིན་ཟེར།

ཕ་ལེ་སི་ཐན་གྱི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཁ་ཐར་དང་ཨེ་ཅིབ། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་ཧྭ་མ་སི་དང་བརྗེ་རེས་དམ་ཟབ་བྱས་ནས། བཀག་སྐྱིལ་བྱས་པའི་སྤྱི་དམངས་སྔར་ལས་མང་བོ་བཙོན་བཀྲོལ་གཏོང་ཐུབ་པར་བྱ་རྒྱུ་ཡིན་ཟེར།

ཁཱ་སང་དམག་དཔུང་གིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། ཁ་ཐར་གྱི་བར་འདུམ་དང་འབད་འཐབ་འོག ཁཱ་སང་དམག་དཔུང་གིས་མི་ཆོས་རིང་ལུགས་ཀྱི་བསམ་གཞིགས་ལྟར་བཀག་སྐྱིལ་བྱས་པའི་ཨ་མེ་རི་ཁའི་མི་གཉིས་བཙོན་བཀྲོལ་བཏང་། དབྱི་སི་རལ་གྱི་ཙུང་ལི་གཞུང་སྒྲུབ་ཁང་གིས་ཨ་མེ་རི་ཁའི་མི་དེ་གཉིས་ཉིན་དེའི་དགོང་མོར་བཙོན་བཀྲོལ་བཏང་བ་ཁས་ལེན་བྱས།

རིན་ཆེན་མཚོས་བསྒྱུར།