དབྱི་སི་རལ་དམག་དཔུང་གི་སྤྱིའི་བློ་འདོན་པས་ཅཱ་ཧྲ་ས་ཁུལ་གྱི་ས་ངོས་དཔུང་འཇུག་ལ་གྲ་སྒྲིག་བཟང་བོ་བྱས་ཡོད་པའི་ཚུལ་བསྟན།
2023.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།    དབྱི་སི་རལ་གྱི་དམག་དཔུང་གི་སྤྱིའི་བློ་འདོན་པ་ཧཱ་ལེ་ཝེ་ཡིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར།  དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་ས་ངོས་དཔུང་འཇུག་བྱེད་པར་གྲ་སྒྲིག་བཟང་བོ་བྱས་ཡོད་ཟེར།

ཧཱ་ལེ་ཝེ་ཡིས་ཉིན་དེར་དབྱི་སི་རལ་དང་ཅཱ་ཧྲ་ས་ཁུལ་གྱི་མཐའ་མཚམས་ཉེ་འཁོར་དུ་སྤེལ་བའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར།   དབྱི་སི་རལ་གྱིས་ས་ངོས་དཔུང་འཇུག་བྱེད་པར་གྲ་སྒྲིག་བཟང་བོ་བྱས་ཡོད་པར་མ་ཟད།  ཞིབ་ཚགས་ཀྱི་འཆར་འགོད་གཏན་འབེབས་བྱས་ཏེ་དམིགས་འབེན་མངོན་འགྱུར་བྱེད་ངེས་ཡིན་ལ།    གོ་རིམ་རྗེས་མའི་དཔུང་འཇུག་གི་རྣམ་པ་དང་དུས་ཚོད་ཐག་གཅོད་ངེས།   ཁོས་བཤད་རྒྱུར།    ས་ངོས་དཔུང་འཇུག་འཆར་གཞི་དེ་འཐབ་རྩལ་དང་འཐབ་ཇུས་ལ་བསམ་གཞིགས་བཏང་སྟེ་ཕྱིར་འགྱངས་བྱས་པ་ཡིན་ལ། དེས་དབྱི་སི་རལ་གྱི་དམག་དཔུང་གིས་གྲ་སྒྲིག་སྔར་ལས་ཚགས་སུ་ཆུད་པ་བྱེད་ཐུབ་པར་བྱེད་ངེས།

རྒྱལ་སྲུང་པུའུ་ཀྲང་ཅཱ་ལན་ཐི་ཡིས་ཚེས་ཉེར་གསུམ་ཉིན་བསྟན་དོན།   དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་ས་ངོས་དཔུང་འཇུག་བྱེད་རྒྱུ་ཡིན་པ་དང་།  དེ་ནི་སྐམ་མཚོ་མཁའ་གསུམ་མཉམ་འབྲེལ་གྱི་དམག་འཐབ་ཅིག་ཡིན་ངེས།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།   ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དྲག་ཆས་མི་སྣ་སྐོར་ཞིག་ཉིན་དེར་ཅཱ་ཧྲ་ས་ཁུལ་གྱི་མཚོ་ལམ་བརྒྱུད་དེ་དབྱི་སི་རལ་དུ་ཡོང་རྩིས་བྱས་པར་ཚང་མ་དབྱི་སི་རལ་གྱི་དམག་གིས་བསད་པ་དང་།   དབྱི་སི་རིལ་གྱི་འཐབ་འཛིང་གནམ་གྲུ་ཞིག་གིས་ད་རུང་ཧཱ་མཱ་སིའི་དྲག་ཆས་མི་སྣ་འགྲོ་སའི་ར་བར་བར་སྣང་འཇབ་རྒོལ་བྱས་ཟེར།

                                                                                                ལྷ་མོ་ཚེ་རིང་གིས་བསྒྱུར།