སུའུ་ཏན་གདོང་ཐུག་ཁྲོད་ཀྱི་གྲོས་མོལ་འཐུས་ཚབ་ཚོགས་པས་སྐབས་གསར་བའི་གྲོས་མོལ་གྱི་མགོ་བརྩམས།
2023.10.26 ཁུངས། ཀློག་གྲངས། 0

སུའུ་ཏན་དྲག་ཆས་དམག་དཔུང་དང་སུའུ་ཏན་འཕྲལ་རྒོལ་རོགས་སྐྱོར་དམག་དཔུང་གིས་ཚེས25ཉིན་གསལ་སྒྲོག་སྤེལ་ནས། ཕྱོགས་གཉིས་ཀྱི་འཐུས་ཚབ་པ་སོ་ཏི་ཨ་ཏབ་ཀྱི་གྲུ་ཁའི་གྲོང་ཁྱེར་ཅི་ཏ་རུ་འབྱོར་ཏེ། སྐབས་གསར་བའི་གྲོས་མོལ་གྱི་མགོ་རྩོམ་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར། 

སུའུ་ཏན་དྲག་ཆས་དམག་དཔུང་གིས་གསལ་སྒྲོག་ཅིག་གི་ཁྲོད་བཤད་རྒྱུར། གྲོས་མོལ་ནི་འཐབ་འཁྲུག་མཇུག་སྒྲིལ་བར་བྱེད་པའི་ཐབས་ལམ་ཞིག་ཡིན། ཐེངས་འདིའི་གྲོས་མོལ་གྱིས་ཐེངས་སྔོན་མར་གྲོས་འཆམ་བྱུང་བའི་གྲོས་ཆོད་ལག་བསྟར་བྱས་ཏེ། མི་ཆོས་རོགས་སྐྱོར་ལ་སྐུལ་འདེད་བཏང་ནས་མི་རྣམས་སླར་རང་གི་ཁྱིམ་གཞིས་སུ་ལོག་ནས་རྒྱུན་ལྡན་གྱི་འཚོ་བ་རོལ་ཐུབ་པར་བྱེད་པའི་རེ་བ་ཡོད་ཟེར། 

སུའུ་ཏན་འཕྲལ་རྒོལ་རོགས་སྐྱོར་དམག་དཔུང་གིས་ཉེར་དེར་གསལ་སྒྲོག་སྤེལ་ནས། གྲོས་མོལ་འཐུས་ཚབ་ཚོགས་པ་ཉིན་དེར་ཅི་ཏ་རུ་འབྱོར་ཡོད་ལ། ཞི་བདེའི་ངང་ནས་གདོང་ཐུག་གི་གནད་དོན་ཐག་གིས་ཆོད་དེ་རྒྱལ་ཁབ་དང་དམག་དཔུང་བསྐྱར་འཛུགས་བྱ་རྒྱུའི་རེ་བ་ཡོད་ཟེར། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།