ཨུ་རུ་སིས་འཐབ་ཇུས་ཉིང་རྡུལ་ཟིལ་ཤུགས་ཐད་ཀྱིའཁྲབ་སྦྱོང་སྤེལ།
2023.10.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཁི་ལིས་མུའུ་ལིན་ཕོ་བྲང་དྲ་ཚིགས་ཀྱིས་ཚེས25ཉིན་ཆ་འཕྲིན་བསྒྲགས་ནས་བཤད་རྒྱུར། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱིས་ཉིན་དེར་འཐབ་ཇུས་ཉིང་རྡུལ་ཟིལ་ཤུགས་ཐད་ཀྱི་འཁྲབ་སྦྱོང་སྤེལ་བ་དང་། སྐམ་མཚོ་མཁའ་གསུམ་གྱི་འཐབ་ཇུས་ཉིང་རྡུལ་སྟོབས་ཤུགས་དེའི་ཁྲོད་ཟབ་ཞུགས་བྱས་ལ། འཁྲབ་སྦྱོང་སྐབས་སུ་མདེལ་ལམ་འཕུར་མདའ་དང་སྐོར་ཞིབ་འཕུར་མདའ་གཏོང་འཕེན་བྱས་ཟེར།

ཆ་འཕྲིན་ནང་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བརྙན་རིས་བརྒྱུད་དེ་ཐེངས་འདིའི་འཁྲབ་སྦྱོང་ལ་བལྟས། ཨུ་རུ་སིའི་ཉིན་དེར་ཨུ་རུ་སིའི་ནུབ་བྱང་རྒྱུད་ཀྱི་ཕུའུ་ལེ་ཞེ་ཚི་ཁི་འབེན་ར་ནས་ཨུ་རུ་སིའི་ཤར་རྒྱུད་ཁན་ཁྲ་ཅ་ཕྱེད་གླིང་གི་ཁུའུ་ལཱ་འབེན་ར་རུ་ཡ་ཨེར་སི་མདེལ་ལམ་འཕུར་མདའ་ཞིག་གཏོང་འཕེན་བྱས། ཐུའུ་ལཱ་རྟགས་ཅན་གྱི་འཐབ་ཇུས་ཉིང་རྡུལ་ཆུར་འཛུལ་དམག་གྲུས་པ་ལུན་ཀྲི་རྒྱ་མཚོའི་སྟེང་ནས་ཧྲིན་ལན་མདེལ་ལམ་འཕུར་མདའ་ཞིག་གཏོང་འཕེན་བྱས། དེ་ལས་གཞན། ཐུའུ95msརྟགས་ཅན་གྱི་འཐབ་ཇུས་མདེལ་དབྱུག་གནམ་གྲུས་སྐོར་ཞིབ་གྲུ་གཏོང་འཕུར་མདའ་གཏོང་འཕེན་བྱས་ཟེར།

ཆ་འཕྲིན་ནང་བཤད་རྒྱུར། ཐེངས་འདིའི་འཁྲབ་སྦྱོང་གིས་གཏན་ཁེལ་བྱས་པའི་ལས་འགན་ཡོངས་རྫོགས་ལེགས་འགྲུབ་བྱས་ཟེར།

རིན་ཆེན་མཚོས་བསྒྱུར།