ཁོ་སི་ཐ་རི་ཁ་དང་ཧུང་ཏུའུ་ར་སི་ཡིས་ཐོངས་མཆན་རྩོད་གླེང་མཇུག་བསྡུ་བའི་གྲོས་མཐུན་བཀོད།
2023.10.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁོ་སི་ཐ་རི་ཁ་དང་ཧུང་ཏུའུ་ར་སི་ཡིས་ཚེས་ཉེར་བཞི་ཉིན། ཁོ་སི་ཐ་རི་ཁ་ཡི་རྒྱལ་ས་ཧྲིན་ཧི་སེ་རུ་གྲོས་མཐུན་བཀོད་ནས། ཕྱོགས་གཉིས་བར་ཉེ་ལམ་ཐོངས་མཆན་གནད་དོན་ལས་བྱུང་བའི་རྩོད་གླེང་མཇུག་བསྡུས་པར་མ་ཟད།  བདེ་འཇགས་དང་ནག་ཉེས་ལ་རྡུང་རྡེག་གཏོང་བའི་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུའི་ཁས་ལེན་བྱས།

རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཉིན་དེར་བཀོད་པའི་ཐོངས་མཆན་མི་དགོས་པའི་གྲོས་མཐུན་ལས་ཕྱོགས་གཉིས་ཀྱི་སྐྱེལ་འདྲེན་རླངས་འཁོར་རང་དབང་དུ་བགྲོད་ཆོག་པར་བྱས་ཡོད་ཀྱང་། རླངས་འཁོར་ཁ་ལོ་བ་དང་ཕྱི་འབྲེལ་མི་སྣ། དེ་ལས་གཞན་པའི་མི་རྣམས་ཡུལ་ཁོངས་བརྒལ་སྐབས་རང་རྒྱལ་ཁབ་ཀྱི་ཉེས་མེད་དཔང་ཡིག་ཡོད་དགོས་པའི་ཐག་བཅད་ཡོད།

                                                                                  རིག་འཛིན་སྒྲོལ་མས་བསྒྱུར།