རྒྱལ་སྤྱིའི་སྣུམ་རིན་ཚེས་ཉེར་དྲུག་ཉིན་མར་ཆག
2023.10.27 ཁུངས། ཀློག་གྲངས། 0

རྒྱལ་སྤྱིའི་སྣུམ་རིན་ཚེས26ཉིན་མར་ཆག

ཉིག་ཡའོ་ཚོང་རྫས་བརྗེ་རེས་ཁང་གིས་ཟླ12པར་སྤྲད་པའི་ཡང་བའི་མ་སྣུམ་དུས་ཟོག་གི་རིན་གོང་ཨ་སྒོར་གཉིས་དང་ཟུར་གཅིག་སྐར་བརྒྱད་ཀྱིས་མར་ཆག་འདུག་ལ། ཟོ་གང་ལ་ཨ་སྒོར་གྱ་གསུམ་གྲངས་ཆུང་གཉིས་གཅིག་ཡིན་པ་དང་མར་ཆག་ཚད་བརྒྱ་ཆའི་གཉིས་དང་གྲངས་ཆུང་ང་ལྔ་རེད། ཟླ་བཅུ་གཉིས་པར་སྤྲད་པའི་ལུན་ཏུན་པི་ལོན་ཐིའི་མ་སྣུམ་དུས་ཟོག་གི་རིན་གོང་དེ་ཨ་སྒོར་གཉིས་དང་ཟུར་གཉིས་མར་ཆག་འདུག་ཅིང་། ཟོ་རེར་རིན་གོང་ཨ་སྒོར་གྱ་བདུན་དང་ཟུར་དགུ་སྐར་གསུམ་ཡིན་པ་དང་། མར་ཆག་ཚད་བརྒྱ་ཆའི་གཉིས་དང་གྲངས་ཆུང་བཞི་བཞི་རེད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།