ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁ་པོར་དུ་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར།
2023.10.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་ཧྥུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་ཚེས 26 ཉིན་བཤད་རྒྱུར།   ཉིན་དེའི་དགོང་མོར་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁ་པོར་དུ་འགས་གཏོར་དོན་རྐྱེན་ཞིག་བྱུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་དགུ་ལ་རྨས་ཕོག

ཁ་པོར་གྲོང་ཁྱེར་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་ཧཱ་ལི་ཏི་ཀྲ་ཏི་ལན་གྱིས་སྨྱན་བྱད་ལ་བཤད་རྒྱུར།     འགས་གཏོར་དོན་རྐྱེན་དེ་ཁ་པོར་གྱི་ཉེན་རྟོག་ཁུལ་བཅོ་བརྒྱད་པའི་ཁྲོམ་ར་ཞིག་ཏུ་བྱུང་བ་དང་།    ཉེན་རྟོག་པ་ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱེད་བཞིན་ཡོད་ལ།   རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད།

མིག་སྔར།  རྩ་འཛུགས་དང་མི་སྒེར་གཅིག་གིས་ཀྱང་ཐེངས་འདིའི་འགས་གཏོར་དོན་རྐྱེན་བཟོས་པ་ཁས་བླངས་མེད།

ཟླ་འདིའི་ཚེས18ཉིན།   ཁ་པོར་ཉེན་རྟོག་ཁུལ་བཅོ་བརྒྱད་པའི་ཁྲོམ་ར་ཞིག་གི་རླངས་འཁོར་འཇོག་ས་རུ་འགས་གཏོར་དོན་རྐྱེན་བྱུང་ཡང་མི་སྣར་ཤིས་རྨས་ཐེབས་མེད།

                                                                                                                   ལྷ་མོ་ཚེ་རིང་གིས་བསྒྱུར།