ཉིག་ཡའོ་ཡི་གསེར་གྱི་རིན་གོང་ཚེས་ཉེར་དྲུག་ཉིན་ཡར་འཕར།
2023.10.27 ཁུངས། ཀློག་གྲངས། 13

ཉིག་ཡའོ་ཚོང་རྫས་བརྗེ་རེས་ཁང་གི་གསེར་གྱི་དུས་བཅད་ཚོང་རྫས་ཁྲོམ་རའི་ཉོ་ཚོང་གི་ཚད་ཆེས་མཐོ་བའི་ཟླ་བཅུ་གཉིས་པའི་གསེར་གྱི་རིན་གོང་དེ་ཚེས་ཉེར་དྲུག་ཉིན་ཨ་སྒོར་གཉིས་དང་ཟུར་ལྔ་ཡིས་འཕར་འདུག་ལ། གསེར་ཨང་ཟི་རེའི་རིན་གོང་ཨ་སྒོར་ཆིག་སྟོང་དགུ་བརྒྱ་གོ་བདུན་དང་ཟུར་བཞི་ཡིན་པ་དང་། འཕར་ཚད་བརྒྱ་ཆའི་ཐིག་གྲངས་ཆུང་གཅིག་གསུམ་རེད། 

ཉིན་དེར། ཟླ་བཅུ་གཉིས་པའི་དངུལ་དཀར་གྱི་དུས་ཟོག་རིན་གོང་མར་ཆག་ནས། དངུལ་དཀར་ཨང་ཟི་རེར་ཨ་སྒོར་ཉེར་གཉིས་དང་ཟུར་དགུ་ལྷག་རེད་ལ། མར་ཆག་ཚད་བརྒྱ་ཆའི་ཐིག་དང་གྲངས་ཆུང་བཞི་གསུམ་རེད། ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོའི་དུས་བཅད་གསེར་དཀར་གྱི་རིན་གོང་དེ་ཨ་སྒོར་གསུམ་དང་ཟུར་བཞི་ཡིས་མར་ཆག་ནས། ཨང་ཟི་རེར་ཨ་སྒོར་དགུ་བརྒྱ་དང་དགུ་ཡིན་ལ། མར་ཆག་ཚད་བརྒྱ་ཆའི་ཐིག་དང་གྲངས་ཆུང་གསུམ་བདུན་རེད།


 སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།