ཚེས26ཉིན་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གསར་དུ་དམག་འཁྲུག་བརྒྱབ་ནས་ཉིན་ཉི་ཤུ་འགོར་བའི་ཉིན་མོ་རེད། དབྱི་སི་རལ་གྱིས་མུ་མཐུད་དུ་ཅ་ཧྲ་ས་ཁུལ་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་དང་། ད་ལྟའི་བར་ས་དེར་རོགས་སྐྱོར་དངོས་ཟོག་ཉུས་ཤས་ཤིག་མ་གཏོགས་སྐྱེལ་ཐུབ་ཀྱིན་མེད། ཅ་ཧྲ་ས་ཁུལ་ལ་ཟས་རིགས་དང་། འབར་སྣུམ། སྨན་བཅོས་དངོས་རྫས་སོགས་ཀྱིས་མི་འདང་བའི་དཀའ་ཁག་ལ་འཕྲད་ཡོད་པར་མ་ཟད། མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བཞིན་ཡོད།
ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས25ཉིན་བསྒྲགས་པ་ལྟར་ན། འདས་པའི་དུས་ཚོད་ཉེར་བཞིའི་རིང་། ཕ་ལེ་སི་ཐན་གྱི་མི་བདུན་བརྒྱ་ལྔ་བཅུ་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར། ཉིན་སྔོན་མར་བསྒྲགས་པའི་འདས་པོའི་ཁ་གྲངས་བདུན་བརྒྱ་དང་བཞི་རེད།
རིག་འཛིན་སྒྲོལ་མས་བསྒྱུར།