ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས27ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། མི་མེད་གནམ་གྲུ་གཉིས་ཉིན་དེར་ཞི་ནའེ་ལྷོ་མ་ཞིང་ཆེན་དུ་སར་ལྷུང་ཟེར།
གསལ་བསྒྲགས་ལས་བཤད་རྒྱུར། ཨེ་ཅིབ་དམག་ཕྱོགས་ཀྱི་བརྟག་དཔྱད་མཇུག་བསྒྲགས་ལས་མངོན་པ་ལྟར་ན། ཚེས་ཉེར་བདུན་ཉིན་གྱི་ཐོ་རེངས་དང་སྔ་དྲོའི་དུས་སུ། མི་མེད་གནམ་གྲུ་གཉིས་སྔ་གཞུག་ཏུ་མཚོ་དམར་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་འཕུར་བ་དང་། གནམ་གྲུ་གཅིག་ཐོ་རེངས་དུས་སུ་ཞི་ནའེ་ལྷོ་མ་ཞིང་ཆེན་ཐ་པ་གྲོང་ཁྱེར་གྱི་སྨན་ཁང་ཞིག་གི་ཉེ་འདབས་ལ་ལྷུང་བ་དང་། མི་དྲུག་ལ་རྨས་ཡང་མོ་ཕོག གནམ་གྲུ་གཅིག་ཡ་ཁ་པ་མཚོ་ཁུགས་ཀྱི་བར་སྣང་ནས་འགས་གཏོར་བྱུང་སྟེ། ཞི་ནའེ་ལྷོ་མ་ཞིང་ཆེན་ནུའུ་ཝེ་པ་གྲོང་ཁྱེར་གྱི་ས་སྟོང་ཞིག་ཏུ་ལྷུང་ཡོད་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།