ཨ་མེ་རི་ཁས་ནོར་ཝེ་ཡི་བྱང་ཕྱོགས་སུ་ཕྱི་འབྲེལ་ལས་ཁུངས་ཤིག་བཙུགས།
2023.10.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 354

ཚེས27ཉིན་ཨ་མེ་རི་ཁས་བྱང་སྣེའི་མུ་ཁྱུད་ཁྲོད་ཀྱི་ནོར་ཝེ་ཡི་བྱང་ཕྱོགས་གྲོང་ཁྱེར་ཐི་ལོ་མུའུ་སི་རུ་ཕྱི་འབྲེལ་ལས་ཁུངས་ཤིག་བཙུགས་པ་དང་། དེས་ཨ་མེ་རི་ཁས་ཨེ་ཤ་ཡ་བྱང་མ་དང་བྱང་སྣེ་ས་ཁུལ་གྱི་ཤུགས་རྐྱེན་ཇེ་དྲག་ཏུ་གཏོང་འདོད་ཡོད་པ་མཚོན་ཐུབ།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གཞོན་པ་དབྱི་ལི་ཧྲ་པེ●ཨེ་ལོན་ནོར་ཝེ་ཡི་དཔོན་རིགས་དང་མཉམ་དུ་ཕྱི་འབྲེལ་ལས་ཁུངས་འཛུགས་པའི་མཛད་སྒོར་ཞུགས། ཨ་མེ་རི་ཁའི་ནོར་ཝེ་རུ་སྡོད་པའི་གཞུང་ཚབ་ཁང་གིས་སྨྱན་སྦྱོར་བརྒྱུད་དེ་བཤད་རྒྱུར། ཐི་ལི་མུའུ་སི་རུ་ཕྱི་འབྲེལ་ལས་ཁུངས་བཙུགས་ན། རྒྱལ་ཁབ་གཉིས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་། དམངས་ཁྲོད་འགྲོ་འོང་། ཉོ་ཚོང་དང་བདེ་འཇགས་སོགས་ཁྱབ་ཁོངས་ནས་མཉམ་ལས་སྤེལ་བར་རོགས་འདེགས་བྱེད་ཐུབ་ཟེར།

                                                                                                རིག་འཛིན་སྒྲོལ་མས་བསྒྱུར།