དབྱི་སི་རལ་གྱིས་ཚེས་ཉེར་དགུ་ཉིན་ཁྱབ་བསྒྲགས་བྱས་དོན། ཅཱ་ཧྲ་ས་ཁུལ་གྱི་ཆུ་འདོན་སྒྲིག་ཆས་སྐོར་ཞིག་གིས་ཡང་བསྐྱར་ཆུ་མཁོ་འདོན་བྱས་པ་དང་། ཉིན་རེའི་ཆུ་མཁོ་འདོན་གྱི་ཚད་ཧྲིན་བྱེ་བ་གཉིས་དང་ས་ཡ་བརྒྱད་ཡིན་ཟེར།
དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡི་ཁོངས་སུ་གཏོགས་པའི་སྲིད་གཞུང་མངའ་ཁོངས་ལས་དོན་མཐུན་སྦྱོར་ཁྲུའུ་ཡིས་ཉིན་དེར་བསྟན་དོན། ཅཱ་ཧྲ་ས་ཁུལ་དུ་འཐེན་པའི་ཆུ་འདྲེན་སྦུག་ལམ་གཉིས་གྱིས་ཆུ་མཁོ་འདོན་བྱས་པ་དང་། ཉིན་རེར་ཅཱ་ཧྲ་ས་ཁུལ་དུ་ཆུ་ཧྲིན་བྱེ་བ་གཉིས་དང་ས་ཡ་བརྒྱད་འདྲེན་བཞིན་ཡོད་ཟེར།
ཟླ་འདིའི་ཚེས་བདུན་ཉིན། དབྱི་སི་རལ་དང་ཕཱ་ལེ་སི་ཐན་བར་སྐོར་ཐེངས་གསར་བའི་འཁྲུག་རྩོད་བྱུང་། ཚེས་དགུ་ཉིན། དབྱི་སི་རལ་གྱི་ནུས་ཁུངས་པུའུ་ཀྲང་ཁཱ་ཚི་ཡིས་བསྟན་དོན། ཁོས་བཀའ་རྒྱ་བཏང་ནས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་ཆུ་འདོན་བྱེད་མཚམས་འཇོག་ཏུ་བཅུག་ཡོད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། སྐོར་ཐེངས་འདིའི་འཁྲུག་རྩོད་མ་བྱུང་གོང་། དབྱི་སི་རལ་གྱིས་ཉིན་རེར་ཆུ་འདྲེན་སྦུག་ལམ་གསུམ་ལ་བརྟེན་ནས་ཅཱ་ཧྲ་ས་ཁུལ་དུ་ཉིན་རེར་ཆུ་ཧྲིན་བྱེ་བ་བཞི་དང་ས་ཡ་དགུ་ཕྱིར་འཚོང་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།