མའོ་ཞི་ཁོའི་སྲིད་གཞུང་གིས་ཚེས་ཉེར་བརྒྱད་ཉིན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ཨོ་ཏིས་སི་ཞེས་པའི་དྲག་རླུང་དེ་མའོ་ཞི་ཁོ་རུ་ཐོན་ནས་མི་སོ་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་གར་སོང་རྙེད་མེད། མིག་སྔར་གར་སོང་མ་རྙེད་པའི་མི་སྣ་འཚོལ་ཞིབ་བྱེད་པའི་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད།
མའོ་ཞི་ཁོའི་སྲིད་གཞུང་གིས་དཔྱད་ཞིབ་བྱས་པ་ལྟར་ན། མིག་སྔའི་བར་དུ་ཨོ་ཏིས་སི་ཞེས་པའི་དྲག་རླུང་གིས་ཁང་ཤར་འབུམ་གཉིས་དང་ཁྲི་གཉིས་ལ་གཏོར་བརླག་ཐེབས་པ་དང་། ཁྱིམ་ཚང་འབུམ་ལྔ་དང་ཁྲི་གཅིག་ལྷག་ལ་གློག་ཆད་ཡོད་ལ། དེ་ལས་བཟོས་པའི་གྱོང་གུད་དེ་ཚོད་དཔག་བྱས་ན་མེ་སྒོར་ཐེར་འབུམ་འགར་སླེབས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།