པཱ་ཞིའི་ས་ཁམས་བསྡོམས་རྩིས་ཅུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། ཐན་སྐྱོན་དང་དྲོད་ཚད་མཐོན་པོའི་ནམ་ཟླའི་ཤུགས་རྐྱེན་ཐེབས་པའི་དབང་གིས་པཱ་ཞིའི་ནུབ་བྱང་ཕྱོགས་ཀྱི་ལིང་ཏའོ་ནེ་ཡཱ་མངའ་སྡེའི་ཕཱ་ཨར་མཱེ་ལཱ་སི་གཙང་བོ་སྐམ་ནས་ཇེ་ཆུང་དུ་སོང་བ་ལས་མངའ་སྡེ་དེའི་ཞི་ཨེ་སི་པའོ་ཀང་གྲོང་ཁྱེར་དུ་སྡོད་དམངས་ཁྲི་གཉིས་དང་སྟོང་ལྔ་ལྷག་ལ་འཐུང་ཆུ་དཀོན་པའི་གནས་ཚུལ་ཚབས་ཆེན་བྱུང་ཡོད། པཱ་ཞིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨིག་ཨར་ནེ་ནོའུ་སྣང་ཚུལ་གྱི་ཤུགས་རྐྱེན་ལས་ཉེ་སྔོན་ཡཱ་མཱ་སུན་གཙང་བོའི་བཞུར་བརྒྱུད་ཀྱི་ས་ཁུལ་སྐོར་ཞིག་ལ་ཟིན་ཐོ་ཡོད་པའི་ཚུན་གྱི་ཆེས་ཚབས་ཆེ་བའི་ཐན་པ་བྱུང་ཡོད་ལ། དེའི་ནང་ཡཱ་མཱ་སུན་མངའ་སྡེ་དང་། ལིང་ཏའོ་ནེ་ཡཱ་མངའ་སྡེ་སོགས་ཀྱི་ས་ཁུལ་མང་བོ་འདུས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།