དབྱི་སི་རལ་གྱིས་ཐུར་ཁེ་རུ་སྡོད་པའི་དབྱི་སི་རལ་གྱི་ཕྱི་འབྲེལ་མི་སྣ་ཕྱིར་བོས།
2023.10.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་ཁི་ཧིན་གྱིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། ཐུར་ཁེའི་སྲིད་གཞུང་གིས་ཉེ་སྔོན་གཏམ་བཤད་ཚབས་ཆེན་སྤེལ་བའི་དབང་གིས་དབྱི་སི་རལ་གྱིས་ཐུར་ཁེ་རུ་སྡོད་པའི་ཕྱི་འབྲེལ་མི་སྣ་ཕྱིར་འབོད་རྒྱུ་ཐག་གཅོད་བྱས་པར་མ་ཟད། ཡང་བསྐྱར་ཐུར་ཁེའི་བར་གྱི་འབྲེལ་བར་དཔྱད་འཇོག་བྱེད་རྒྱུ་ཐག་བཅད།

སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་དབྱི་སི་རལ་གྱིས་འཐབ་འཁྲུག་ནག་ཉེས་བཟོས་པར་སྐྱོན་འཛུགས་བྱས་པ་དང་། ཉེ་སྔོན་ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཀྱང་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་བར་རྒོལ་གཏམ་བཏང་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།