ཨ་མེ་རི་ཁའི་ས་ཁུལ་མང་བོར་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་མང་དུ་བྱུང་།
2023.10.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན། ཨ་མེ་རི་ཁའི་ས་ཁུལ་མང་བོར་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་། ཧྥོ་ལོ་ལི་ཏཱ་མངའ་སྡེའི་ཐན་ཕཱ་ས་ཁུལ་གྱི་མེ་མདས་བརྒྱབ་པའི་དོན་རྐྱེན་ལས་ལོ་བཅུ་བཞི་ཅན་གྱི་ན་གཞོན་གཅིག་དང་བཅས་པའི་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་བརྒྱད་ལ་རྨས་ཕོག་ཡོད། མིག་སྔར་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་ནས། རིམ་པ་གཉིས་པའི་ལྐོག་གསོད་ཀྱི་སྐྱོན་འཛུགས་ཐེབས་ཡོད། ཡུན་ཏིས་ཨན་ནཱ་མངའ་སྡེའི་ལྟེ་གནས་ཀྱི་པའོ་ལེ་སི་གྲོང་ཁྱེར་དུ་ཡང་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་དགུར་རྨས་ཕོག ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། བསྒྲགས་པའི་གནས་ཚུལ་ལས་མངོན་པ་ལྟར་ན། ཤི་རྨས་ཐེབས་པ་དག་ནི་ལོ་བཅུ་དྲུག་ནས་ལོ་ཉེར་གཉིས་བར་གྱི་ན་གཞོན་ལོ་ཆུང་ཡིན་པ་རེད་ཟེར། དེ་ལས་གཞན་དབྱེ་ལེ་ནོའུ་དབྱེ་མངའ་སྡེའི་ཀྲི་ཅཱ་ཀི་གྲོང་ཁྱེར་དང་ཙོ་ཀྲི་ཡཱ་མངའ་སྡེའི་ཡཱ་ཐི་ལན་ཏཱ་ནས་ཀྱང་ཚེས་ཉེར་དགུ་ཉིན་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། བསྡོམས་པས་མི་བཅུ་དགུར་རྨས་ཕོག་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།