རྒྱ་གར་ལྷོ་ཕྱོགས་ས་ཁུལ་ནས་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།
2023.10.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཚེས་ཉེར་དགུ་ཉིན་གྱི་དགོང་མོར། རྒྱ་གར་ལྷོ་ཕྱོགས་ཀྱི་ཨན་ཏི་ལཱ་མངའ་སྡེ་རུ་འགྲུལ་སྐྱེལ་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་། ས་དེའི་དཔོན་རིགས་ཀྱིས་བཤད་རྒྱུར། དོན་རྐྱེན་དེ་ལས་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་ཡོད་ཟེར། དོན་རྐྱེན་བྱུང་སྐབས། མེ་འཁོར་ཞིག་ལ་ཆག་སྐྱོན་བྱུང་བའི་དབང་གིས་གནས་སྐབས་སུ་བགྲོད་མཚམས་བཞག་ཡོད་པ་དང་། རྗེས་ནས་ཡོང་བའི་མེ་འཁོར་ཞིག་གིས་དེར་ཐོ་བརྒྱབ་ནས། མེ་འཁོར་གྱི་འཁོར་སྒམ་གསུམ་ལམ་ལྕགས་ལས་བརྒལ་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།