ཧིན་རྡུ་ཉི་ཞི་ཡཱའི་ནོའུ་ཧྲ་ཏིན་ཅཱ་ལཱ་ཤར་མ་ཞིང་ཆེན་དུ་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་གི་ས་ཡོམ་བྱུང་།
2023.11.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཧིན་རྡུ་ཉི་ཞི་ཡཱའི་ནོའུ་ཧྲ་ཏིན་ཅཱ་ལཱ་ཤར་མ་ཞིང་ཆེན་དུ་ཚེས2ཉིན་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་གི་ས་ཡོམ་བྱུང་བ་དང་། མིག་སྔར་ད་རུང་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།

ཨ་མེ་རི་ཁའི་ས་གཤིས་རྟོག་དཔྱོད་ཅུའུ་ཡི་ས་ཡོམ་བརྡ་འཕྲིན་དྲ་བས་བསྒྲགས་པ་ལྟར་ན། ས་ཡོམ་དེ་ས་དེའི་དུས་ཚོད་ཚེས2ཉིན་གྱི་ཞོགས་པའི་དུས་ཚོད་བཞི་དང་སྐར་མ་བཞིའི་སྟེང་བྱུང་བ་ཡིན་ལ། ས་ཡོམ་བྱུང་ས་གཙོ་བོ་དེ་ནོའུ་ཧྲ་ཏིན་ཅཱ་ལཱ་ཤར་མ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཀུའུ་པང་གི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་ཉེར་གཉིས་ཀྱི་མཚམས་སུ་བྱུང་བ་ཡིན་ལ། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་སོ་དྲུག་ལྷག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།