སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་ཚེས1ཉིན་སྲིད་འཛིན་བཀའ་རྒྱ་བཀོད་ནས་གྲོས་ཁང་གཏོར་བར་མ་ཟད། ཟླ་12པའི་ཚེས17ཉིན་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་བསྒྲགས་བྱས།
སེར་ཝེ་ཡཱའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སེར་ཝེ་ཡཱའི་སྲིད་གཞུང་གིས་ཟླ10པའི་ཚེས30ཉིན་གྲོས་གཞི་བཏོན་ནས། ད་ལྟའི་གྲོས་ཁང་ལ་བསམ་འཆར་རེ་འགའ་བཏོན་པ་དང་། གྲོས་ཁང་གཏོར་དགོས་པའི་རེ་བ་བཏོན། དེ་བས་ཝུའུ་ཆི་ཆི་ཡིས་སྲིད་འཛིན་བཀའ་རྒྱ་བཀོད་ནས་གྲོས་ཁང་གཏོར་བ་རེད།
སྲིད་འཛིན་བཀའ་རྒྱ་བཀོད་རྗེས། ཝུའུ་ཆི་ཆི་ཡིས་སེར་ཝེ་ཡཱའི་མང་ཚོགས་ཀྱིས་དཀའ་ཁག་ཆེ་བའི་དུས་སྐབས་སུ་མཐུན་སྒྲིལ་བྱས་ཏེ། མཉམ་དུ་སེར་ཝེ་ཡཱའི་མི་རིགས་དང་རྒྱལ་ཁབ་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
སེར་ཝེ་ཡཱའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ལོ་ངོ་བཞིའི་ནང་ཐེངས་རེ་སྤེལ་བཞིན་ཡོད་ལ། ད་ལྟའི་གྲོས་ཁང་ནི་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཞི་བར་བདམས་ཐོན་བྱུང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།