ཐུ་ནི་ཞི་ཡཱའི་སྔོན་ཆད་ཀྱི་ཕྱི་འབྲེལ་བློན་ཆེན། ཐུ་ནི་ཞི་ཡཱའི་རྒྱལ་སྤྱིའི་འབྲེལ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅེ་ཞི་ནཱ་ཝེ་ཡིས་ཟླ11པའི་ཚེས1ཉིན་བསྟན་དོན། རྒྱུད་གཅིག་ལམ་གཅིག་གྲོས་འདོན་བཏོན་ནས་ལོ་ངོ་བཅུ་འགོར་བའི་རིང་ལ། འཛམ་གླིང་ཡོངས་ཀྱི་ས་གནས་ཆབ་སྲིད་དང་དཔལ་འབྱོར་རིམ་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཟེར།
ཐུ་ནི་ཞི་ཡཱའི་རྒྱལ་སྤྱིའི་འབྲེལ་བའི་ཨུ་ཡོན་ལྷན་ཁང་དང་ཐུ་ནི་ཞི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཉིན་དེར་མཉམ་འབྲེལ་གྱིས་རྒྱུད་གཅིག་ལམ་གཅིག་གྲོས་འདོན་བཏོན་ནས་ལོ་ངོ་བཅུ་འགོར་བའི་གྲུབ་འབྲས་དཔྱད་གླེང་ཚོགས་འདུ་བསྡུས། ཅེ་ཞི་ནཱ་ཝེ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། རྒྱུད་གཅིག་ལམ་གཅིག་གྲོས་འདོན་ལ་དོན་སྙིང་གལ་ཆེན་ལྡན་པ་དང་། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་འགུག་ཤུགས་ཆེན་པོ་ལྡན་ལ། རྒྱལ་ཁབ་བརྒྱ་དང་ལྔ་བཅུ་ལྷག་གི་འཐུས་མི་དག་ཅང་མ་འགོར་བའི་སྔོན་སྤེལ་བའི་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་པ་དེ་ནི་བདེན་དཔང་ཡིན་ཟེར།
ཅེ་ཞི་ནཱ་ཝེ་ཡིས་བཤད་རྒྱུར། རང་ཉིད་ཀྱིས་ཐུ་ནི་ཞི་ཡཱའི་ཚབ་བྱས་ནས2018ལོར་ཀྲུང་གོའི་བར་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་བཟོད་སྒོམ་བརྗེད་ཐོ་བཀོད་པའི་སྐལ་བ་བྱུང་བ་དང་། ཁོས་བལྟས་ན་རྒྱུད་གཅིག་ལམ་གཅིག་གྲོས་འདོན་བཏོན་ནས་ལོ་ངོ་བཅུ་འགོར་བའི་རིང་ལ་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། ལོ་ངོ་བཅུ་བོ་དེའི་ནང་ཀྲུང་གོའི་ཤུགས་རྐྱེན་ཉིན་རེ་བཞིན་ཇེ་ཆེར་སོང་བ་དང་། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་གྲོས་འདོན་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་ཕན་ཚུན་བརྩི་འཇོག་བྱས་པའི་རྨང་གཞིའི་སྟེང་རྒྱལ་ཁབ་སོ་སོའི་བར་མཉམ་རྒྱལ་མངོན་འགྱུར་བྱེད་པའི་རེ་འདུན་བསྟན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།