ཧྥི་ལི་ཕིན་དབུས་ཕྱོགས་མཚོ་ཁོངས་སུ་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་གི་ས་ཡོམ་བྱུང་།
2023.11.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཧྥི་ལི་ཕིན་དབུས་ཕྱོགས་ཀྱི་སཱ་མ་ཤར་མ་ཞིང་ཆེན་ཉེ་འདབས་སུ་ཚེས2ཉིན་གྱི་ཕྱི་དྲོར་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་གི་ས་ཡོམ་བྱུང་།

ཧྥི་ལི་ཕིན་གྱི་མེ་རི་ས་ཡོམ་ཞིབ་འཇུག་ཁང་གིས་བསྒྲགས་པའི་ཆ་འཕྲིན་ལྟར་ན།   ས་ཡོམ་དེ་ནི་ས་དེའི་ཆུ་ཚོད་བཅུ་བཞི་དངསྐར་མ་ལྔ་བཅུའི་སྟེང་བྱུང་བ་དང་།   ས་ཡོམ་གྱི་ལྟེ་གནས་ནི་སཱ་མ་ཤར་མ་ཞིང་ཆེན་གྱི་ཨེ་ཨར་ནཱ་ཉི་གྲོང་རྡལ་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་ང་གཅིག་གི་མཚམས་སུ་ཡོད་ལ།  ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་ཞེ་བརྒྱད་ཡོད།   ཉེ་འདབས་ཀྱི་སཱ་མ་བྱང་མ་ཞིང་ཆེན་དང་ལའེ་ཐི་ཞིང་ཆེན།  ལའེ་ཐི་ལྷོ་མ་ཞིང་ཆེན་སོགས་སུ་ས་ཡོམ་གྱི་ཚོར་སྣང་དྲག་པོ་བྱུང་།

ཧྥི་ལི་ཕིན་གྱི་མེ་རི་ས་ཡོམ་ཞིབ་འཇུག་ཁང་གིས་བསྟན་དོན།  ཐེངས་འདིའི་ས་ཡོམ་ནི་ཆགས་གཞིའི་ས་ཡོམ་ཡིན་ལ།   ཡོམ་འཕྲོ་འབྱུང་ཡང་སྲིད་ཟེར།

ཧྥི་ཕི་ཕིན་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་མཐའ་འཁོར་གྱི་མེ་རི་དང་ས་ཡོམ་རྒྱུད་དུ་ཡོད་པ་དང་།  ས་ཡོམ་རྒྱུན་དུ་འབྱུང་བཞིན་ཡོད།

                                                                                   ལྷ་མོ་ཚེ་རིང་གིས་བསྒྱུར།