ཨེ་ཅིབ་བདེ་འཇགས་སྡེ་ཁག་གི་མི་སྣས་ཚེས་གཅིག་ཉིན་བཤད་རྒྱུར། སྐོར་ཐེངས་གསར་བའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་དུ། སྐོར་ཁག་དང་པོའི་ཕ་ལེ་སི་ཐན་ཅ་ཧྲ་ས་ཆ་ནས་ཡོང་བའི་རྨས་མ་དག་ཉིན་དེར་ལཱ་ཧྥ་གྲུ་ཁ་བརྒྱུད་དེ་ཨེ་ཅིབ་ལ་སོང་། མིང་བཤད་མི་འདོད་པའི་མི་སྣ་དེས་ད་དུང་བཤད་རྒྱུར། ཕྱི་རྒྱལ་གྱི་ལམ་ཡིག་ཡོད་པའི་མི་ལྔ་བརྒྱ་ཙམ་ཡང་གྲུ་ཁ་དེ་བརྒྱུད་དེ་ཨེ་ཅིབ་ལ་སོང་།
ཕ་ལེ་སི་ཐན་ཅ་ཧྲ་ས་ཆའི་འཕྲོད་བསྟེན་སྡེ་ཁག་གིས་ཟླ11པའི་ཚེས1ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཟླ་10པའི་ཚེས7ཉིན་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་གསར་བའི་འཁྲུག་རྩོད་བྱུང་བའི་ཚུན་དུ། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཅ་ཧྲ་ས་ཆའི་འགུལ་སྐྱོད་ཁྲོད་མི་སྟོང་བརྒྱད་དང་བདུན་བརྒྱ་གོ་དྲུག་གི་ཚེ་སྲོག་ཤོར། དེ་ལས་གཞན་དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་ཕྱོགས་ཀྱི་མི་སྟོང་གཅིག་དང་བཞི་བརྒྱ་ལྷག་རྐྱེན་ལམ་དུ་ཤོར། མིག་སྔའི་བར་དུ། སྐོར་ཐེངས་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཁྲོད་ཕྱོགས་གཉིས་ཀའི་མི་ཁྲི་གཅིག་ལྷག་གི་ཚེ་སྲོག་ཤོར།
རིན་ཆེན་མཚོས་བསྒྱུར།