ཕཱ་ཁི་སི་ཐན་ལྷོ་ནུབ་ས་ཁུལ་དུ་དམག་དོན་རླངས་འཁོར་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་བྱུང་ནས་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།
2023.11.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་གསུམ་ཉིན་གྱི་དགོང་མོར་བཤད་རྒྱུར། རྒྱལ་ཁབ་དེའི་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་དུ་ཉིན་དེར་བདེ་འཇགས་དམག་དཔུང་གི་རླངས་འཁོར་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཞིག་བྱུང་སྟེ། དམག་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཕཱ་ཁི་སི་ཐན་དམག་གསུམ་གསར་འགྱུར་ཅུའུ་ཡིས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་གི་རླངས་འཁོར་ལ་ཉིན་དེར་པུས་ལུའུ་ཀྲི་ཞིང་ཆེན་གྱི་པའོ་སི་ནེ་ནས་ཨོ་ཨར་མཱ་ལཱ་རུ་བགྲོད་པའི་ལམ་བར་དུ་འཇིགས་སྐུལ་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། དམག་མི་བཅུ་བཞི་རྐྱེན་ལམ་དུ་ཤོར། དམག་ཕྱོགས་ཀྱིས་གནས་དེར་གཙང་ཕྱགས་འགུལ་སྐྱོད་སྤེལ་ཡོད།

གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན་བདའ་འདེད་བྱེད་བཞིན་ཡོད་པ་དང་དེ་ཁྲིམས་ལ་སྦྱོར་རྒྱུ་རེད། ཕཱ་ཁི་སི་ཐན་གྱིས་འཇིགས་སྐུལ་ཉེས་ཅན་གྱི་འཇིགས་ཉེན་སེལ་བའི་ཆོད་སེམས་ལྡན་པར་མ་ཟད། འཇབ་རྒོལ་དོན་རྐྱེན་ཁྲོད་རང་སྲོག་བློས་བཏང་བའི་དམག་མིར་གུས་འདུད་ཞུ་རྒྱུ་ཡིན་ཟེར།

མིག་སྔའི་བར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།