ཧྥ་རན་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་ཧྥ་རན་སིའི་རིག་གནས་ལྟེ་གནས་ལ་དབྱི་སི་རལ་གྱི་སྒྱོགས་མདེལ་ཕོག་པར་གཏོར་བཤིག་བཏང་ཡོད་པའི་ཚུལ་བསྟན།
2023.11.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་དུ་ཡོད་པའི་ཧྥ་རན་སིའི་རིག་གནས་ལྟེ་གནས་ལ་ཉིན་དེར་དབྱི་སི་རལ་གྱི་སྒྱོགས་མདེལ་ཕོག་པ་དང་། ཧྥ་རན་སི་ཡིས་དབྱི་སི་རལ་གྱིས་དོན་དེའི་ཐད་ནས་འགྲེལ་བརྗོད་བྱེད་དགོས་པའི་རེ་བ་བཏོན།

ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། དབྱི་སི་རལ་སྲིད་གཞུང་གི་བརྡ་ཐོ་འབྱོར་ཡོད་པ་དང་། ཅཱ་ཧྲ་ས་ཁུལ་དུ་ཡོད་པའི་ཧྥ་རན་སིའི་རིག་གནས་ལྟེ་གནས་ལ་ཉིན་དེར་དབྱི་སི་རལ་གྱི་སྒྱོགས་མདེལ་འགས་གཏོར་ཐེབས་ཡོད། ཧྥ་རན་སི་ཡིས་དབྱི་སི་རལ་སྲིད་གཞུང་གིས་མྱུར་མོར་དོན་དེར་འགྲེལ་བརྗོད་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། རིག་གནས་ལྟེ་གནས་ལ་སྒྱོགས་མདེལ་གྱི་འཇབ་རྒོལ་ཐེབས་སྐབས། ཐོག་ཁང་དེའི་ནང་ལས་བྱེད་མི་སྣ་དང་ཡང་ན་ཧྥ་རན་སིའི་ཕྱི་སྡོད་རང་མི་མེད་ཟེར།

གཞན་ཡང་ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཚེས་གཉིས་ཉིན་ཅཱ་ཧྲ་ས་ཁུལ་དུ་བསྟུད་མར་འགས་གཏོར་བྱེད་སྐབས། ཅཱ་ཧྲ་ས་ཁུལ་དུ་སྡོད་པའི་ཧྥ་རན་སིའི་གཞུང་སྒྲུབ་ཁང་ལ་འཇབ་རྒོལ་ཐེབས་ནས་གཏོར་བརླག་ཚབས་ཆེན་ཐེབས།

ཧྥ་རན་སིའི་གསར་འགྱུར་ཁང་གི་མགོ་བ་ཧྥོ་ལི་ཡེ་སི་ཡིས་བསྟན་དོན། ཧྥ་རན་སིའི་གསར་འགྱུར་ཁང་གིས་ཅཱ་ཧྲ་ས་ཁུལ་གྱི་ཧྥ་རན་སིའི་གཞུང་སྒྲུབ་ཁང་ལ་འཇབ་རྒོལ་ཐེབས་པར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།