མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་གསུམ་ཉིན་གྱི་ནམ་གུང་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲ་མཁར་གྱི་ཞི་ཧྥ་སྨན་ཁང་གི་སྒོ་ཁ་ནས་མྱུར་སྐྱོབ་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་ཐེབས་པར་ཧ་ལས་པའི་ཚུལ་བསྟན་པ་དང་། ཁོས་གནས་ཚུལ་དེ་རིགས་ངེས་པར་དུ་མཚམས་འཇོག་དགོས་ཟེར།
ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས་གསུམ་ཉིན་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ཉིན་དེར་ཅཱ་ཧྲ་མཁར་གྱི་ཞི་ཧྥ་སྨན་ཁང་གི་སྒོ་ཁ་ནས་སྨན་བཅོས་རླངས་འཁོར་རུ་ཁག་ལ་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ཅུར་རྨས་ཕོག་ཟེར།
འཇབ་རྒོལ་ཐེབས་རྗེས་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་ནས་ཧཱ་མཱ་སི་ཡིས་བེད་སྤྱོད་བྱེད་པའི་མྱུར་སྐྱོར་རླངས་འཁོར་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཧཱ་མཱ་སིའི་ཁོངས་མི་མང་བོ་བསད་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་མྱུར་མོར་ཆ་རྐྱེན་ཅི་ཡང་མེད་མེད་པར་བཀག་འཇུག་བྱས་པའི་ཅཱ་ཧྲ་ས་ཁུལ་གྱི་མི་གཏའ་ཚང་མ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་བ་དང་། ཁོས་ད་རུང་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་འཇིགས་སུ་རུང་བ་ཞིག་རེད་ཟེར། ཁོས་ཡང་བསྐྱར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་སྟེ། ངེས་པར་དུ་ཤུགས་རྐྱེན་ནུས་ཤུགས་ཐོན་པར་བྱས་ཏེ། ཕྱོགས་སོ་སོས་འཐབ་འཁྲུག་གི་སྒྲིག་སྲོལ་བརྩི་སྲུང་བྱེད་པ་དང་། དཀའ་སྡུག་གི་གནས་བབ་ཞི་འཇགས་སུ་བཏང་ནས། འཁྲུག་རྩོད་དེ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།